རྒྱ་ནག་དང་ཚོང་དོན་ཆིངས་ཡིག་འཇོག་རྒྱུར་ཟབ་ནན།

ཐའེ་ལྦན་གཞུང་གིས་རྒྱ་ནག་དང་ཐའེ་ལྦན་དབར་ཚོང་དོན་གྱི་ཆིངས་ཡིག་འཇོག་རྒྱུར་ཟབ་ནན་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག

༄༅༎ཐའེ་ལྦན་དང་རྒྱ་ནག་དབར་འཆར་གཞི་ལྟར་ན་ ད་ལོ་ཕྱི་ཟླ་དྲུག་པའི་ནང་ཕྱོགས་གཉིས་དབར་ཚོང་དོན་དང་དཔལ་འབྱོར་གྱི་ཆིངས་ཡིག་ལ་ས་རྟགས་བཀོད་རྒྱུ་ཡིན་ན་ཡང་ ཐའེ་ལྦན་ནང་རྒྱ་ནག་དང་ཐའེ་ལྦན་དབར་ཚོང་དོན་གྱི་ཆིངས་ཡིག་འཇོག་རྒྱུར་ངོ་རྒོལ་གྱི་རྣམ་འགྱུར་བཏོན་མཁན་ཇེ་མང་དུ་འགྲོ་བཞིན་པར་བརྟེན་ རྒྱ་ནག་དང་ཐའེ་ལྦན་དབར་གྱི་ཚོང་དོན་ཆིངས་ཡིག་འཇོག་རྒྱུར་ཐའེ་ལྦན་ལ་ཁེ་ཕན་ཆེན་པོ་ཞིག་མེད་ཚེ་ ཐའེ་ལྦན་གཞུང་གིས་རྒྱལ་ནང་གི་ངོ་རྒོལ་བྱེད་མཁན་ཚོར་ལན་འདེབས་ཤིག་བྱེད་དགོས་ཀྱི་ཡོད་པའི་ཁར་ ད་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་ཐའེ་ལྦན་གྱི་གྲོས་ཚོགས་འཐུས་མིའི་འོས་འདེམས་ནང་ཐའེ་ལྦན་གྱི་སྲིད་དབང་འཛིན་མཁན་གོ་མིན་ཏང་ཤོག་ཁག་ལ་རྒྱལ་ཁ་འཐོབ་རྒྱུའི་ཆེད་རྒྱ་ནག་དང་ཐའེ་ལྦན་དབར་ཚོང་དོན་ཆིངས་ཡིག་འཇོག་རྒྱུར་ཐའེ་ལྦན་ཕྱོགས་ནས་ཡིད་ཟབ་དང་དོ་ནན་བྱེད་བཞིན་ཡོད་ཅིང་  ཐའེ་ལྦན་དཔལ་འབྱོར་ལྷན་ཁང་གི་དཔོན་རིགས་ནས་གལ་སྲིད་རྒྱ་ནག་དང་ཐའེ་ལྦན་དབར་འཇོག་རྒྱུའི་ཚོང་དོན་ཆིངས་ཡིག་ནང་དོན་ཁྲོད་ ཐའེ་ལྦན་གྱི་དགོས་མཁོ་བཞིན་བཏོན་པའི་ཆ་རྐྱེན་ཚང་མེད་ཚེ་ ང་ཚོས་ཆིངས་ཡིག་ལ་ས་རྟགས་འགོད་རྒྱུ་ནར་འགྱངས་བྱ་སྲིད་པས་ ད་ལྟའི་ཆར་གྲོས་མཐུན་ཡིངས་ཆིག་ནང་དོན་ཁྲོད་ང་ཚོའི་དགོས་མཁོ་བཞིན་རྒྱ་ནག་ཕྱོགས་ནས་ཁས་ལེན་བྱེད་མིན་ཤོད་ཚོད་ཁག་པོ་ཡིན་ལུགས་གསུང་འདུག

རྒྱ་ནག་དང་ཐའེ་ལྦན་དབར་འཇོག་རྒྱུའི་ཚོང་དོན་ཆིངས་ཡིག་ནང་རྒྱ་ནག་གིས་ཐའེ་ལྦན་གྱི་དཔལ་འབྱོར་སླར་གསོའི་ཆེད་ཁེ་ཕན་ཆེན་པོ་ཞིག་སྤྲད་ཡོད་ན་ཡང་ ཐའེ་ལྦན་གྱི་ཕྱོགས་འགལ་ཚོགས་པས་རྒྱ་ནག་དང་ཐའེ་ལྦན་དབར་ཚོང་དོན་གྱི་ཆིངས་ཡིག་རིགས་འཇོག་རྒྱུར་ཐའེ་ལྦན་གྱི་རང་དབང་ལྡན་པའི་དཔལ་འབྱོར་ཚོང་དོན་ལམ་ལུགས་ལ་གནོད་སྐྱོན་ཕོག་སྲིད་པ་དང་ ལྷག་པར་དུ་ཐའེ་ལྦན་གྱི་བདག་དབང་གནད་དོན་ཐོག་མ་འོངས་དཀའ་ངལ་བཟོ་སྲིད་པའི་ཉེན་བརྡ་བཏང་སྟེ་ གཞུང་འཛིན་ཚོགས་པས་ཆིངས་ཡིག་དེ་རིགས་འཇོག་རྒྱུར་ཤུགས་ཆེའི་ངོ་རྒོལ་བྱེད་བཞིན་པར་བརྟེན་ནས་ གཞུང་འཛིན་ཚོགས་པས་ཀྱང་རྒྱལ་ནང་གི་ཆབ་སྲིད་གནས་སྟངས་ལ་བསམ་ཞིབ་བྱེད་དགོས་ཀྱི་ཡོད་སྟབས་རྒྱ་ནག་དང་ཐའེ་ལྦན་དབར་ཚོང་དོན་ཆིངས་ཡིག་འཇོག་རྒྱུར་དེ་བས་ཟབ་ནན་བྱེད་བཞིན་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org