རྒྱ་ནག་གི་ཁུང་ཙི་སློབ་གཉེར་ཁང་མི་རིང་བར་སྒོ་རྒྱག་རྒྱུ་ཡིན་པ།

ཡུ་རོབ་སུད་ཊན་གྱི་སཌོཀ་ཧོམ་སློབ་གྲ་ཆེན་མོས་མི་རིང་བར་སློབ་གྲྭ་དེའི་ཁུང་ཙི་སློབ་གཉེར་ཁང་དངོས་སུ་སྒོ་རྒྱག་རྒྱུ་ཡིན་འདུག

ཨ་རིའི་ནང་རྒྱ་ནག་གིས་ཁུང་ཙི་ཞེས་ཤེས་ཡོན་བརྗེ་ལེན་གྱི་ལས་དོན་སྤེལ་བཞིན་པ། དྲ་བཤུས Confucius Institute

ཡུ་རོབ་སུད་ཊན་གྱི་སཌོཀ་ཧོམ་སློབ་གྲ་ཆེན་མོས་མི་རིང་བར་སློབ་གྲྭ་དེའི་ཁུང་ཙི་སློབ་གཉེར་ཁང་དངོས་སུ་སྒོ་རྒྱག་རྒྱུ་ཡིན་འདུག
ཁ་ས་BBCགསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡོ་རོབ་དུ་ཁུང་ཙིའི་སློབ་གྲྭ་ཨང་དང་པོ་སུད་ཀྲིང་སཌོཀ་ཧོམ་སློབ་གྲྭ་ཆེན་མོའི་ཁུང་ཙི་སློབ་གཉེར་ཁང་དེ་འདི་ལོའི་ཟླ་དྲུག་པའི་ནང་དངོས་སུ་སྒོ་རྒྱག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་དེས་གཞི་རྩ་རང་ནས་དོ་སྣང་བྱེད་གཞིའི་ཁུང་ཙིའི་སློབ་གཉེར་ཁང་གི་རྩོད་གླེང་དེའི་ཐད་སླར་ཡང་ཚང་མས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་པ་རེད། སྤྱིར་བཏང་གནས་ཚུལ་འོག་རྒྱ་ནག་གི་སློབ་གྲ་ཆེན་མོ་ཞིག་དང་ཕྱི་རྒྱལ་གྱི་སློབ་གྲ་ཆེན་མོ་ཞིག་མཉམ་ལས་ཀྱིས་ཁུང་ཙིའི་སློབ་གཉེར་ཁང་འཛུགས་གཉེར་བྱས་ཏེ་ཐོུང་ཐོག་ལས་འཛིན་ལྷན་ཚོགས་ཆེད་བཙུགས་ཐོག་མཉམ་ལས་བྱེད་མཁན་རྒྱ་ནག་སློབ་གྲ་ཆེན་མོ་ནས་རྒྱའི་སྐད་ཡིག་སློབ་ཁྲིད་དགེ་རྒན་མངགས་གཏོང་བྱེད་པའམ་ལ་ལས་ས་གནས་ནས་ཕྱི་སྡོད་རྒྱ་ནག་པ་དགེ་རྒན་དུ་གདན་ཞུ་བྱེད་ཀྱི་ཡོད་པ་རེད། དཔེར་ན་། མགྱོགས་པོ་སྒོ་རྒྱག་རྒྱུ་ཡིན་པའི་སཌོཀ་ཧོམ་སློབ་གྲ་ཆེན་མོའི་ཁུང་ཙི་སློབ་གཉེར་ཁང་དང་། རྒྱ་ནག་ཧྲང་ཧེ་ཕུའུ་ཏན་སློབ་གྲ་ཆེན་མོ་མཉམ་ལས་ཀྱིས་འཛུགས་གཉེར་བྱས་ཡོད་པ་རེད།
ན་ནིང་ཟླ བཅུ་པའི་ནང་ཁེ་ན་ཌའི་ཀྲོའོ་རོན་ཀྲོ་གྲོང་ཁྱེར་ཤེས་རིག་ལས་ཁུངས་ཀྱིས་རྒྱ་ནག་དང་མཉམ་ལས་ཐོག་བཙུགས་པའི་ཁུང་ཙི་སློབ་གཉེར་ཁང་འཛུགས་མཚམས་འཇོག་རྒྱུའི་ཐག་གཅོད་བྱས་པ་དང་། དེ་རྗེས་ཨ་རིའི་ཆེའི་ཁའ་ཀོའོ་སློབ་གྲ་ཆེན་མོས་ཀྱང་ཁུང་ཙི་སློབ་གཉེར་ཁང་འཛུགས་གཉེར་གྱི་གན་རྒྱ་མཚམས་འཇོག་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད། ནུབ་ཕྱོགས་ནང་གི་ཤེས་ཡོན་ལྟེ་གནས་ཁང་མང་དག་ཅིག་གི་ནང་། རྒྱ་ནག་གི་ཁུང་ཙི་སློབ་གཉེར་ཁང་བཙུགས་པའི་མིང་ཐོག་ནས་སློབ་གྲ་དེ་དག་ལ་དཔལ་འབྱོར་གྱི་རྒྱབ་གཉེར་ཆེན་པོ་བྱེད་བཞིན་པ་དེས་སློབ་གྲའི་ཤེས་ཡོན་ལམ་ལུགས་ཀྱི་ནང་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་བཟོ་གིན་ཡོད་པའི་སྐྱོན་བརྗོད་རིམ་པ་བྱུང་བཞིན་པ་རེད།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org