ཤྲི་ལངྐས་ཨ་རིའི་གནམ་གྲུ་འཛུལ་ཞུགས་ལ་སྐྱོན་བརྗོད་བྱས།
ཨ་རིའི་མཁའ་དམག་གནམ་གྲུས་ཤྲི་ལངྐའི་མཁའ་དབྱིངས་སུ་འཛུལ་ཞུགས་བྱས་པར་སྐྱོན་བརྗོད་བྱས་པ།
-
2011-08-07 -
-
-
༄༅༎ ཤྲི་ལངྐའི་གཞུང་གིས་ད་ལམ་ཨ་མི་རི་ཀའི་མཁའ་དམག་གི་གནམ་གྲུ་ཁྱུ་གཅིག་ཡུལ་དེའི་མཁའ་དབྱིངས་སུ་འཛུལ་ཞུགས་བྱས་པ་དེར་སྐྱོན་བརྗོད་བྱེད་རྩིས་ཡོད་པའི་གནས་ཚུལ་ཐོན་འདུག
བདུན་ཕྲག་གཅིག་གོང་ཨ་མི་རི་ཀའི་མཚོ་དམག་གི་ཟབ་སྦྱོང་སྐབས་མཁའ་དམག་གི་གནམ་གྲུ་བཅུ་ཤྲི་ལངྐའི་མཁའ་དབྱིངས་ཀྱི་ས་མཚམས་འགལ་ནས་བསླེབས་ཡོད་པ་ཡུལ་དེའི་མཁའ་ལམ་སྲུང་སྐྱོབ་ཚན་པས་ཤེས་རྟོགས་བྱུང་ཡོད་པ་དང་། ད་ཆ་ཤྲི་ལངྐའི་གཞུང་གིས་ཨ་རིའི་གཞུང་ལ་ངོ་རྒོལ་གྱི་རྣམ་པ་བཏོན་རྩིས་ཡོད་ལུགས་ཨེ་ཨེཕྤི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག། འོན་ཀྱང་འགལ་འཛོལ་དེ་རིགས་འཐུས་ཤོར་ཕྱིན་པ་ཙམ་ལས་རྐང་བཙུགས་ནས་འགལ་འཛོལ་གྱིས་འཛུལ་ཞུགས་བྱས་པར་ངོས་འཛིན་གནང་གི་མེདཔ་དང་འགལ་འཛོལ་དེ་རིགས་དེའི་གོང་ལ་ཡང་བྱུང་ཡོད་པ་དང་། དོན་རྐྱེན་དེ་རིགས་ནམ་བྱུང་ལ་ཨ་རིའི་གཞུང་ཚབ་ལ་ཞུ་གཏུགས་བྱས་ཡོད་པ་ལྟར་ད་རིང་ནས་དེ་ལྟ་བྱེད་རྩིས་ཡོད་སྐོར་མིང་འདོན་གནང་འདོད་མེད་པའི་ཤྲི་ལངྐའི་དཔོན་རིགས་ཤིག་གིས་གསུངས་གནང་ཡོད་འདུག།