རྒྱ་ནག་སྲིད་འཛིན་གྱི་གསུང་བཤད་སྐད་ཡིག་ལྔའི་ནང་བསྒྱུར་སྐོར།
རྒྱ་ནག་སྲིད་འཛིན་གྱི་ཨ་རིའི་ནང་གི་གསུང་བཤད་ཁག་བོད་སྐད་གཙོས་པའི་གྲངས་ཉུང་མི་རིགས་ལྔའི་སྐད་ཡིག་ཐོག་ཕབ་བསྒྱུར་བྱས་འདུག
-
2011-01-30 -
-
-
༄༅༎ཉེ་དུས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཨ་རིའི་ནང་གཟིགས་བསྐྱོད་དུ་ཕེབས་གནང་བའི་གསུང་བཤད་ཁག་བོད་སྐད་གཙོས་པའི་གྲངས་ཉུང་མི་རིགས་ལྔའི་སྐད་ཡིག་ཐོག་ཕབ་བསྒྱུར་བྱས་ཡོད་འདུག
ཕྱི་ཟླ་དང་པོའི་ཚེས་༡༨ནས་༢༡བར་ཉིན་བཞིའི་རིང་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའི་ཨ་མི་རི་ཀར་རྒྱལ་དོན་འཚམས་འདྲིའི་གཟིགས་སྐོར་དུ་བསྐྱོད་སྐབས་གནང་བའི་གསུང་བཤད་རྒྱ་སྐད་དང་ཨིན་སྐད་ཐོག་ཡོད་པ་དེ་དག་བོད་སྐད་དང་ སོག་སྐད་ ཡུ་གུར་ ཁཛག་ ཀོ་རིའན་བཅས་མི་རིགས་ལྔའི་སྐད་ཡིག་ཐོག་དེབ་གཟུགས་སུ་མི་རིགས་དཔར་བསྐྲུན་ཁང་གིས་དཔར་བསྐྲུན་བྱས་ཡོད་སྐོར་གཞུང་འབྲེལ་ཧྲིང་ལྦ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག། སྲིད་འཛིན་ཧུ་ཅིན་ཏོའི་ཡི་ཨ་རིའི་གཟིགས་སྐོར་མཐའ་མར་ངོས་འཛིན་བྱེད་བཞིན་པའི་གལ་ཆེའི་གཟིགས་སྐོར་འདིའི་རིང་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་དང་ལྷན་དུ་ཡུལ་གཉིས་བར་གཉིས་མོས་གཉིས་ཕན་གྱི་འབྲེལ་ལམ་མཇུག་སྐྱོང་གནང་རྒྱུར་མོས་མཐུན་བྱུང་ཡོད་རེད༎