བོད་པའི་དམིགས་བསལ་མཐའ་མཚམས་སྲུང་དམག་ནས་རྒྱལ་ཞེན་གླུ་གཞས།

རྒྱ་ནག་ནས་འགལ་ཝང་ཡུལ་གཤོངས་ནང་སིམ་འཛུལ་གྱི་བྱ་ངན་སྤེལ་བ་ཁག་ལ་འཁོན་ལེན་སློག་རྒྱུའི་དམ་བཅའ།

དམིགས་བསལ་མཐའ་མཚམས་སྲུང་དམག་གི་མཚོན་རྟགས། ཝི་ཀི་པི་ཌི་ཡ།

ལ་དགས་ཤར་ཕྱོགས་དང་བོད་ཀྱི་ས་མཚམས་ཁུལ་དུ་ཡོད་པའི་བོད་པའི་དམིགས་བསལ་མཐའ་མཚམས་སྲུང་དམག་Special Frontier Force ཞུ་བ་རྣམས་ཀྱིས་བོད་དང་རྒྱ་གར་ལ་རྒྱལ་ཞེན་ཡོད་པའི་གླུ་གཞས་བཏང་གནང་གིས་རྒྱ་ནག་ནས་འགལ་ཝང་ཡུལ་གཤོངས་ནང་སིམ་འཛུལ་གྱི་བྱ་ངན་སྤེལ་བ་ཁག་ལ་འཁོན་ལེན་སློག་རྒྱུའི་དམ་བཅའ་བཞག་གནང་འདུག འདི་ཟླའི་ཚེས་༢༣ཉིན་རྒྱ་གར་གྱི་NDTV་བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་Vishnu Som ལགས་ཀྱིས་Twitter བརྒྱུད་ནས་གནས་ཚུལ་སྤེལ་དོན་ལྟར་ན་་བོད་དང་རྒྱ་གར་གྱི་ས་མཚམས་ལ་དགས་ཁུལ་ལ་འགྲེམས་འཇོག་གནང་བའི་བོད་པའི་དང་སློབ་དམག་མི་རྣམས་ཀྱིས་Mai Hoon Tibet ka ek niwasi, Bharat Maa Ko apna Manta Hoon འམ་ང་བོད་མི་ཞིག་ཡིན་་་མ་ཡུལ་རྒྱ་གར་དེ་རང་གི་ལུང་པར་ངོས་འཛིན་ཞུ་ཡི་ཡོད་ཅེས་པའི་ཧིན་དིའི་སྐད་ནང་གླུ་གཞས་བཏང་གནང་གིས་རྒྱ་ནག་ལ་དགྲ་ཤ་ལེན་རྒྱུའི་དམ་བཅའ་བཞག་གནང་བའི་videoབརྙན་པར་ཞིག་སྤྱི་ཚོགས་དྲ་ལམ་དང་Twitter བརྒྱུད་ནས་ཐོན་ཡོད་པ་དང་གླུ་གཞས་བཏང་གནང་ས་དེར་བོད་ཀྱི་རྒྱལ་དར་ཡང་མཐོང་རྒྱུ་འདུག་པས་དམག་མི་དེ་རྣམས་དམིགས་བསལ་མཐའ་མཚམས་ས་སྲུང་དཔུང་སྡེ་ནས་ཡིན་ན་ཁོང་རྣམས་ཀྱི་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་རང་དབང་དེ་བཞིན་རྒྱ་གར་གྱི་དམག་མི་རྣམས་ལ་ངོ་མཚར་ཅན་གྱི་ཆེ་བསྟོད་ཞུས་པ་རེད་འདུག་ཅེས་བཀོད་གནང་བཞག།ཡང་གོང་ཞུས་རྒྱ་གར་གྱི་གསར་འགོད་པ་དེས་གོང་ཞུས་གླུ་གཞས་ཀྱི་བརྙན་པར་ཡང་Tweetགནང་འདུག

ད་དུང་བོད་པའི་དང་སློབ་རྣམས་ཀྱིས་རྒྱ་གར་གྱི་ས་ཆ་སྲུང་སྐྱོབ་བྱ་རྒྱུར་རང་སྲོག་བློས་གཏོང་གནང་དགོས་བྱུང་ཡང་གཏོང་གི་ཡིན་ཞེས་གླུ་གཞས་ཀྱི་ཚིག་ནང་ཡོད་པ་རེད།།

རྒྱ་གར་དང་བོད་ཀྱི་ས་མཚམས་འཁེལ་ས་ལ་དགས་ཁུལ་རྒྱ་ནག་གིས་དཔུང་འཇུགས་བྱས་པའི་ཉེར་ལེན་ལ་བརྟེན་ནས་ལ་དྭགས་ཀྱི་ས་མཚམས་ཁུལ་རྒྱ་ནག་དང་རྒྱ་གར་གྱི་དཔུང་དམག་གཉིས་དབར་འཐབ་རྩོད་ཡོང་བཞིན་ཡོད་པ་དེ་དག་ཞི་འཇམས་ཡོང་ཐབས་སུ་རྒྱ་དཀར་ནག་གི་ཕྱི་འབྲེལ་དཔོན་རིགས་དང་དམག་དོན་འགོ་ཁྲིད་དབར་གྲོས་མོལ་རིམ་པ་མང་པོ་གནང་བཞིན་ཡོད་པ་མ་ཟད།ལ་དྭགས་ཁུལ་འགྲེམ་འཇོགས་བྱས་པའི་རྒྱ་གར་གྱི་དམིགས་བསལ་མཐའ་མཚམས་དཔུང་དམག་SFF གི་བོད་པའི་དམག་མིའི་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་ཉེ་ལམ་ས་མཚམས་སྲུང་སྐྱོབས་གནང་བཞིན་པའི་སྐབས་འབར་རྗས་རྒས་ཐོར་གྱིས་འདས་གྲོངས་ཕྱིན་ཡོད་པ་དང་ཁོང་གི་ཕྱག་རོགས་བོད་པའི་དམག་མི་ན་གཞོན་ཞིག་ལའང་རྨས་སྐྱོན་ཕོགས་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org