རྒྱ་གར་གྲོས་ཚོཊ་ནང་བོད་དོན་རྒྱབ་སྐྱོར་མུ་མཐུད་ཡོང་བའི་འབོད་སྐུལ།
བོད་མི་མང་སྤྱི་འཐུས་ཚོཊ་གཙོ་གཞོན་གཉིས་ཀྱིས་རྒྱ་གར་གྲོས་ཚོཊ་འོག་མའི་ཚོཊ་མི་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་དང་མཇལ་བ།
-
2016-06-21 -
-
-
བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་མི་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་མཇལ་འཕྲད་དུ་ཕེབས་པ།
དེ་ཡང་འདི་ཚེས་༢༠་ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག་དང་། ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་རྣམ་གཉིས་ནས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་འགན་འཛིན་སྐུ་ཞབས་ཤན་ཏ་ཀུ་མར་ Shanta Kumarམཆོག་ལ་འཚམས་འདྲི་ཞུ་བ་དང་སྦྲགས། རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཐོག་རྒྱབ་སྐྱོར་རིམ་པ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། འབྱུང་འགྱུར་ལོ་དུས་ནང་འདས་པའི་གྲོས་ཆོད་ཁག་དང་། སྤྱི་འཐུས་ལྷན་ཚོགས་ནས་འབོད་སྐུལ་ཞུས་པའི་གནད་དོན་ཁག་གི་ཐོག་རིམ་བཞིན་རྒྱ་གར་གྲོས་ཚོགས་དང། གྲོས་ཚོགས་ཀྱི་ཕྱི་ལོགས་བཅས་སུ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་ལས་འགུལ་རིགས་སྤེལ་ཐབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡིག་ངག་གཉིས་ཐོག་ནས་ཞུས་གནང་བར། སྐུ་ཞབས་Shanta Kumar་མཆོག་གིས་དེ་དོན་བཞིན་གྲོས་ཚོགས་འཐུས་མི་རྣམ་པ་དང་བཀའ་བསྡུར་གྱིས་གནང་འོས་གནང་རྒྱུའི་ཞལ་བཞེས་གནང་འདུག།
དེ་བཞིན་ཟླ་༦་ཚེས་༢༡་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་རྒྱུན་ལས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། སྤྱི་འཐུས་བསྟན་པ་ཡར་འཕེལ་བཅས་རྣམ་པ་གསུམ་ནས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་། རྒྱ་གར་རྒྱལ་ཡོངས་དབྱུག་རྩེད་སྤོ་ལོའི་འགན་འཛིན་སྐུ་ཞབས་ཨ་ནུ་རག་ཋ་ཀུར་Anurag Thakurམཆོག་ལ་མཇལ་འཕྲད་ཞུས་ནས། ཁོང་ལ་ཡིག་ངག་གཉིས་ཀྱི་ཐོག་ནས་བོད་དོན་ཐོག་རྒྱབ་སྐྱོར་རོགས་རམ་གནང་སྐྱོང་ཡོང་བའི་འབོད་ཞུས་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།