བསོད་ནམས་རིན་ཆེན་གློད་བཀྲོལ།
སྔ་ལོ་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་བསོད་ནམས་རིན་ཆེན་ལགས་ཚེས་ ༢༤ ཉིན་གློད་བཀྲོལ་བཏང་འདུག
-
2013-07-31 -
-
-
༄༅། །སྔ་ལོ་ཁམས་བྲག་མགོའི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་སྐབས་འཛིན་བཟུང་བྱས་པའི་ཁྲོད་ནས་བསོད་ནམས་རིན་ཆེན་ལགས་ཕྱི་ཟླ་ ༧ ཚེས་ ༢༤ ཉིན་བཙོན་ཁང་ནས་གློད་བཀྲོལ་བཏང་འདུག ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ སྟེ་རྒྱ་ནག་གི་དཔྱིད་གསར་དུས་ཆེན་ཉིན་བྲག་མགོའི་ནང་གི་བོད་མི་མང་པོ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་ཞིང་། གནས་ཚུལ་ཡོང་ཁུངས་ནས་བརྗོད་པར་གཞིགས་ན། སྐབས་དེར་བོད་མི་བཞི་བཅུ་ལྷག་འཇུ་བཟུང་གིས་དུས་བཀག་བཙན་བཅུག་གི་ཁྲིམས་ཐག་བཅད་ཡོད་འདུག བསོད་ནམས་རིན་ཆེན་ལགས་སུ་དུས་ཡུན་ལོ་གཅིག་དང་ལོ་ཕྱེད་རིང་བཙོན་བཅུག་བྱས་སྟེ་ཕྱི་ཟླ་ ༧ ཚེས་ ༢༤ ཉིན་གློད་བཀྲོལ་ཐོབ་པའི་རྗེས་རང་ཁྱིམ་དུ་ལོག་སྐབས་ས་གནས་བོད་མི་དང་དེ་བཞིན་ས་གནས་གཞན་ནས་ཡོང་བའི་བོད་མི་མང་པོ་ཞིག་གིས་ཁོང་ལ་ཁ་བཏགས་གཡོག་པ་སོགས་པ་དགའ་བསུའི་རྣམ་འགྱུར་ཆེན་པོ་བསྟན་འདུག
དེ་རིང་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་བསོད་ནམས་རིན་ཆེན་ལགས་བཙོན་ཁང་ནང་བསྡད་རིང་སྡུག་སྦྱོང་མནར་གཅོད་ཤུགས་ཆེ་ཕོགས་པར་བརྟེན་ད་ལྟའི་སྐབས་གཟུགས་པོ་བདེ་པོ་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག།