ཆབ་སྲིད་བཙོན་པ་བསོད་ནམས་རྒྱལ་པོ་ལཊ་མི་ལོ་བཅུ་དྲུག་རྗེས་བཙོན་གྲོལ་བྱུང་འདུག
སྔ་གཞུག་ཏུ་མི་ལོ་བཅུ་དྲུག་རིང་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱངས་བའི་བོད་ཀྱི་ཆབ་སྲིད་བཙོན་པ་བསོད་ནམས་རྒྱལ་པོ་ལགས་བཙོན་གྲོལ་བྱུང་འདུག
-
2017-09-01 -
-
-
སྔ་གཞུག་ཏུ་མི་ལོ་བཅུ་དྲུག་རིང་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱངས་བའི་བོད་ཀྱི་ཆབ་སྲིད་བཙོན་པ་བསོད་ནམས་རྒྱལ་པོ་ལགས་བཙོན་གྲོལ་བྱུང་འདུག
དེ་ཡང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ༢༠༡༧་ལོའི་ཕྱི་ཟླ་ ༨ ་ཚེས་ ༢༧ ་ཉིན། བོད་ཀྱི་ཆབ་སྲིད་བཙོན་པ་བསོད་ནམས་རྒྱལ་པོ་ལགས་བཙོན་གྲོལ་བྱུང་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་བདེ་ཐང་གི་གནས་སྟངས་དང་། གར་ཡོད་གང་འདུག་སོགས་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་ཐུབ་མེད།
བསོད་ནམས་རྒྱལ་པོ་ལགས་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་། ཡར་འབྲོག་ཁུལ་གྱི་ཡིན་ཞིང་། སྤྱི་ལོ ༡༩༨༧ ་ཟླ་ ༩ ་ཚེས་ ༢༧ ་ཉིན་ལྷ་སར་ལངས་པའི་བོད་མིའི་ཞི་རྒོལ་ལས་འགུལ་ཁྲོད་མཉམ་ཞུགས་གནང་བར་བསྙད་ནས། རྒྱ་ནག་གཞུང་གིས་བསོད་ནམས་རྒྱལ་པོ་ལགས་འཛིན་བཟུང་བྱས་ཏེ་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད། ཕྱིས་སུ་བཙོན་གྲོལ་ཐོབ་པ་དང་། ཡང་སྤྱི་ལོ་ ༡༩༩༢ ་ཟླ་ ༧ ་པར་ཡང་བསྐྱར་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་རིང་བཀར་ཉར་བྱས་རྗེས་གློད་བཀྲོལ་བཏང་། དེ་ནས་སྤྱི་ལོ་ ༢༠༠༦ ་ལོར་ཡང་བསྐྱར་འཛིན་བཟུང་བྱས་ཏེ་མི་ལོ་ ༡༢ ་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད།
རྒྱ་ནག་གཞུང་གིས་བསོད་ནམས་རྒྱལ་པོ་ལགས་སྔ་གཞུག་ཐེངས་གསུམ་ལ་ཁོང་འཛིན་བཟུང་བྱས་ཏེ་གཅར་རྡུང་མནར་གཅོད་ཚད་ལས་འདས་པ་བཏང་ཡོད་པ་མ་ཟད། ཆབ་སྲིད་ཀྱི་ཉེས་མིང་འོག་ཁྱོན་བསྡོམས་མི་ལོ ༡༦ ་རིང་བཙོན་འཇུག་བྱས་པ་རེད།
གསར་འགོད་པ་སྟག་ལྷ་རྒྱལ།