སྲིད་སྐྱོང་མཆོག་གིས་ཕྱི་དྲིལ་བཀའ་བློན་གྱི་ལས་འགན་བཞེས་རྒྱུ།

སྲིད་སྐྱོང་མཆོག་གིས་ཕྱི་དྲིལ་བཀའ་བློན་གྱི་ལས་འགན་གཅིག་ལྕོགས་གནང་རྒྱུའི་བཀའ་ཤག་གི་གསལ་བསྒྲགས་སྤེལ་བ།

སྲིད་སྐྱོང་མཆོག་གིས་ཕྱི་དྲིལ་བཀའ་བློན་གྱི་ལས་འགན་གཅིག་ལྕོགས་གནང་རྒྱུའི་བཀའ་ཤག་གི་གསལ་བསྒྲགས་སྤེལ་བ། བསྟན་འཛིན་དོན་ཡོད།
གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་དོན།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༨ རེས་གཟའ་ཉི་མའི་སྔ་དྲོ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གློ་བུར་དུ་བཀའ་བློན་གྱི་ལས་གནས་ནས་དགོངས་པ་ཞུས་པར་བརྟེན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་དྲིལ་བཀའ་བློན་གྱི་ལས་འགན་གཅིག་ལྕོགས་གནང་རྒྱུའི་བཀའ་ཤག་གི་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན།
ད་ཉིན་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༨ རེས་བཟའ་ཉི་མའི་སྔ་དྲོར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གློ་བུར་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་འདུག་པ་དང་། དགོངས་ཞུ་གནང་དགོས་པའི་རྒྱུ་མཚན་ཡིག་ཐོག་ཏུ་ང་རང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁག་གདོང་ལེན་གནང་བའི་ཆེད་དུ་ཡིན་སྐོར་དང་། ཞལ་ཐོག་ནས་བཀའ་བློན་ཡིན་མུས་ཐོག་ད་ལྟ་འགྲོ་བཞིན་པའི་འོས་བསྡུ་ཆེན་མོའི་བགྲོ་གླེང་ལས་རིམ་ཁག་ནང་མཉམ་ཞུགས་མི་ཐུབ་པས་དེ་ལྟར་ཐུབ་པའི་ཆེད་དུ་ཡིན་སྐོར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྙན་ཞུ་གནང་འདུག་ཅིང་། ད་ཉིན་ནས་གནས་སྐབས་ཆར་ཕྱི་དྲིལ་བཀའ་བློན་གྱི་མཛད་འགན་དཔལ་ལྡན་སྲིད་སྐྱོང་མཆོག་ནས་མཉམ་ལྕོགས་གནང་རྒྱུ་གནང་སོང་བ་བཅས་ཀྱི་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚང་ནས། ཞེས་འཁོད་འདུག།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org