ལག་ལེན་འཁེལ་ཐུབ་པ་དབུ་མའི་ལམ་ཡིན།

སྲིད་སྐྱོང་མཆོག་ནས་བོད་དོན་ཆེད་དངོས་ཡོད་ལག་ལེན་འཁེལ་ཐུབ་པའི་ཐབས་ལམ་གཙོ་བོ་ནི་དབུ་མའི་ལམ་ཡིན་པ་གསུངས་ཡོད་འདུག

ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་དགུ་བ་དབུ་འཛུགས་འདུག པར། བོད་མིའི་སྒྲིག་འཛུགས།

སྲིད་སྐྱོང་མཆོག་ནས་བོད་དོན་ཆེད་དངོས་ཡོད་ལག་ལེན་འཁེལ་ཐུབ་པའི་ཐབས་ལམ་གཙོ་བོ་ནི་དབུ་མའི་ལམ་ཡིན་པ་གསུངས་ཡོད་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཙན་བྱོལ་ནང་ཡོད་པའི་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་གྱི་ཚོགས་འདུའི་ཐོག་གསུངས་བཤད་གནང་བའི་ནང་། བོད་མིའི་འཐབ་རྩོད་དེ་བཞིན་དབུ་མའི་ལམ་གྱི་ཐོག་ནས་སེལ་ཐབས་བྱེད་རྒྱུ་དེ་ནི་དངོས་ཡོད་ལག་ལེན་འཁེལ་ཐུབ་པའི་ཐབས་ལམ་གཙོ་བོ་ཞིག་ཡིན་ལུགས་གསུངས་ཡོད་པ་དང་། མ་ཟད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་སྐུ་འཚོ་བཞུགས་ཀྱི་དུས་ཡུན་དེའི་ནང་ཚུད་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་མཐའ་སེལ་རྒྱུའི་ཐུགས་རེ་གནང་གི་ཡོད་ལུགས་བཀའ་གནང་ཡོད་པའི་སྐོར་ཡང་ལུང་འདྲེན་གནང་ཡོད་འདུག ཡང་སྲིད་སྐྱོང་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མིའི་སྤྱི་ཚོགས་ཡར་རྒྱས་གཏོང་ཐབས་སུ་གལ་ཆེ་ཤོས་གྲས་སུ་ཤེས་ཡོན་སློབ་སྦྱོང་དང་། བོད་མིའི་བདེ་སྡུག་ལ་གཟིགས་སྐྱོང་གནང་རྒྱུ། ལྷག་པར་དུ་ཆབ་སྲིད་བཙོན་ཟུར་དང་ཁྱིམ་ཚང་ཉམ་ཐག་ཚོར་དོ་འཁུར་གནང་རྒྱུ་ཡིན་ལུགས་གསུངས་པ་བཅས་གང་ལྟར་རང་ཁ་རང་གསོ་དང་། ཆིག་སྒྲིལ། གསར་གཏོད་བཅས་ཀྱི་ལམ་ནས་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་གོང་མཐོར་དང་བོད་མིའི་འཐབ་རྩོད་མུ་མཐུད་ནས་གནང་རྒྱུ་ཡིན་ལུགས་གསུངས་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org