རྒྱ་ནག་གི་རྩ་ཁྲིམས་གཞིར་བཞག་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་བཞིན་ཡོད། སྲིད་སྐྱོང་མཆོག་གིས།
རྒྱ་ནག་གི་རྩ་ཁྲིམས་ནང་བོད་མིར་རང་དབང་དང་ཐོབ་ཐང་གི་ཆ་རྐྱེན་མང་པོ་ཞིག་ཡོད་པ་དེ་དག་དངོས་སུ་ལག་བལྟར་གནང་བ་ཡིན་ན་ང་ཚོས་དེ་རང་སྐྱོང་གི་ངོ་བོ་ཞིག་ལ་ངོས་ལེན་ཞུ་རྒྱུ་ཡིན་པ་སྲིད་སྐྱོང་མཆོག་གིས་གསུངས་འདུག
-
2018-10-12 -
-
-
རྒྱ་ནག་གི་རྩ་ཁྲིམས་ནང་བོད་མིར་རང་དབང་དང་ཐོབ་ཐང་གི་ཆ་རྐྱེན་མང་པོ་ཞིག་ཡོད་པ་དེ་དག་དངོས་སུ་ལག་བལྟར་གནང་བ་ཡིན་ན་ང་ཚོས་དེ་རང་སྐྱོང་གི་ངོ་བོ་ཞིག་ལ་ངོས་ལེན་ཞུ་རྒྱུ་ཡིན་པ་སྲིད་སྐྱོང་མཆོག་གིས་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཟླ་ ༡༠ ཚེས་ ༡༡ ཉིན། སྔ་དྲོ་སུ་ལོ་ཝེ་ཀེ་ཡ་(Slovakia)རྒྱལ་ས་(Bratislava)ནང་རྟེན་གཞི་བྱས་པའི་པན་ཡོ་རོབ་མཐོ་སློབ་ཁང་དུ་(Slovakia) འི་རིག་གཞུང་བློན་ཆེན་ཟུར་པ་དང་། དགེ་ལས་སློབ་ཕྲུག་རྣམས་ལ་ད་ལྟའི་རྒྱལ་སྤྱིའི་གནས་སྟངས་དང་། དེ་བཞིན་བོད་དང་སྲིད་སྐྱོང་མཆོག་གི་མི་ཚེའི་ལོ་རྒྱུས་སོགས་ཀྱི་སྐོར་གཏམ་བཤད་གནང་འདུག
ལྕམ་ཡ་ཝོན་ནེ་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་སྲིད་སྐྱོང་མཆོག་གི་མི་ཚེའི་ལོ་རྒྱུས་སྐོར་པན་ཡོ་རོབ་མཐོ་སློབ་ཁང་གི་སློབ་ཕྲུག་རྣམས་ལ་གསུངས་འདུག
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་པན་ཡོ་རོབ་མཐོ་སློབ་ཁང་གི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་གཞོན་ལྕམ་ཡ་ཝོན་ནེ་ལགས་ཀྱིས་གཙོས་དགེ་ལས་སློབ་ཕྲུགས་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད།
སྐབས་དེར་པན་ཡོ་རོབ་མཐོ་སློབ་ཁང་གི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་གཞོན་འབུམ་རམས་པ་ལྕམ་ཡ་ཝོན་ནེ་ལགས་ཀྱིས། སྲིད་སྐྱོང་མཆོག་རང་གི་ལས་ཁུངས་ནང་ཕེབས་བསུ་དང་འབྲེལ་པན་ཡོ་རོབ་མཐོ་སློབ་ཁང་གི་སྐོར་ངོ་སྤྲོད་རྒྱས་བཤད་གནང་འདུག
ཚེས་༡༢ ཉིན་སྲིད་སྐྱོང་མཆོག་གིས་(Helsinki University)མཐོ་སློབ་ཁང་ནང་བོད་ཀྱི་གནས་སྟངས་དང་འབྲེལ་ནས་རྒྱལ་ཁབ་མེད་པའི་མི་མང་གི་སྲིད་དོན་དང་ཁྲིམས་ཀྱི་མཚོན་དོན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས། ང་ཚོས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དེ་བཞིན་རྒྱ་ནག་གི་རྩ་ཁྲིམས་གཞིར་བཞག་ཐོག་ནས་སེལ་ཐབས་བྱ་བཞིན་པ་ཡིན། ང་ཚོས་རྒྱ་ནག་གཞུང་ལ་ རྒྱ་ནག་གི་རྩ་ཁྲིམས་ནང་བོད་མིར་རང་དབང་དང་ཐོབ་ཐང་གི་ཆ་རྐྱེན་མང་པོ་ཞིག་ཡོད་པ་དེ་དག་དངོས་སུ་ལག་བལྟར་གནང་བ་ཡིན་ན་ང་ཚོས་དེ་རང་སྐྱོང་གི་ངོ་བོ་ཞིག་ལ་ངོས་ལེན་ཞུ་རྒྱུ་ཡིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་མང་གི་མངོན་འདོད་དབུ་མའི་ལམ་ཀྱི་ཐོག་ནས་བོད་རྒྱའི་དཀའ་རྙོགས་སེལ་ཐབས་མ་གཏོགས་ང་ཚོས་རྒྱ་ནག་ཁ་བྲལ་གཏོང་རྒྱུ་དང་རང་བཙན་གྱི་འཐབ་རྩོད་སོགས་བྱེད་ཀྱི་མེད་ཞེས་སྲིད་སྐྱོང་མཆོག་གིས་གསུངས་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།