སྲིད་སྐྱོང་མཆོག་གིས་སཀོཊ་ལེནཌ་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་སཀོཊ་ལེནཌ་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཐོག་མུ་འཐུད་བོད་དོན་ཐད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་འདུག
-
2019-06-26 -
-
-
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་སཀོཊ་ལེནཌ་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཐོག་མུ་འཐུད་བོད་དོན་ཐད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདི་ཚེས་༢༥་ཉིན་སཀོཊ་ལེནཌ་ (Scotland)་གྲོས་ཚོགས་ཀྱི་འཐུས་མི་རྒན་གྲས་ ལིན་ཌ་ཧྥ་སྦིཡ་ནི་(Linda Fabiani)ལགས་ཀྱིས་གོ་སྒྲིག་གནང་བའི་ཉིན་གུང་གསོལ་ཚིགས་ཤིག་གི་སྐབས་སཀོཊ་ལེནཌ་ (Scotland)་གྲོས་ཚོགས་ཀྱི་ཚོགས་པ་སྣ་མང་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་མོལ་གནང་ཞིང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཐོག བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་ཐུགས་འཁུར་བཞེས་དགོས་པའི་འབོད་སྐུལ་ཡང་ཞུས་འདུག དེ་བཞིན་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་གཞི་རྐང་དབྱིན་ཡུལ་གྱི་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུ་བཟང་དུ་འགྲོ་བཞིན་ཡོད་པ་གསུངས་པ་དང་སྦྲགས། སཀོཊ་ལེནཌ་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཁག་གིས་དབྱིན་ཡུལ་གྲོས་ཚོགས་ནང་བོད་ཀྱི་དཀའ་རྙོག་དེ་དབུ་མའི་ལམ་གྱི་ཐོག་ནས་སེལ་ཐབས་བྱ་རྒྱུར་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་ཐབས་སུ་གྲོས་གཞི་འདོན་གནང་ཡོང་བའི་དགོངས་འཆར་གསུངས་ཡོད་ལ། སཀོཌ་ལེནཌ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་བཞུགས་སྒར་རྡ་རམ་ས་ལར་གཟིགས་བསྐོར་དུ་ཕེབས་གནང་ཡོང་བའི་གདན་ཞུ་ཡང་ཕུལ་འདུག