བོད་ཀྱི་གནད་དོན་དེ་རེ་བ་མེད་པ་ཞིག་མ་རེད།
སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་གནད་དོན་དེ་རེ་བ་མེད་པ་ཞིག་མ་རེད་ཅེས་གསུངས་འདུག
-
2012-12-01 -
-
-
༄༅༎སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་གནད་དོན་དེ་རེ་བ་མེད་པ་ཞིག་མ་རེད་ཅེས་གསུངས་འདུག
ནིའུ་ཡོག་དུས་བབས་ནང་ཕྱི་ཚེས་ ༣༠ཉིན་གནས་ཚུལ་སྤེལ་བ་ལྟར་ན། གསར་ཁང་དེས་སྲིང་སྐྱོང་མཆོག་ལ་བཅར་འདྲི་ཞུས་པར། སྲིད་སྐྱོང་མཆོག་ནས། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱི་སེམས་ཤུགས་དང་སོ་སོའི་ངོ་བོ་སྲུང་སྐྱོབ་བྱེད་སྟངས། གོང་བུ་གཅིག་བསྒྲིལ་གྱི་རྣམ་པ་མུ་མཐུད་སྲ་བརྟན་དུ་གནས་བཞིན་པ་དེས། བོད་ཀྱི་གནད་དོན་ལ་རེ་བ་ཡོད་པ་རེད་ཅེས་གསུངས་འདུག
ད་དུང་། སྲིད་སྐྱོང་བ་མཆོག་གིས། བོད་ཀྱི་འཐབ་རྩོད་ནི་Baltic་སྤྱི་མཐུན་རྒྱལ་ཁབ་དང༌། Estonia, Latvia, Lithuania སོགས་ཀྱི་རང་དབང་འཐབ་རྩོད་དང་འདྲ་པོ་ཡོད་ཅིང་། གྲང་དམག་དུས་རབས་སྐབས་རྒྱལ་ཁབ་འདི་ཚོ་ཨོ་རོ་སུའི་དབང་སྒྱུར་འོག་ཡོད་པ་ནས་རང་བཙན་ཡོང་རེ་གནང་གི་མེད་ཀྱང་། ཕྱི་ལོ་༡༩༨༠་ནང་དེ་དག་རང་བཙན་ཐོབ་པ་རེད་བརྗོད་འདུག
ད་དུང་ཁོང་གིས། ད་ལྟ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་པའི་བོད་རིགས་ན་གཞོན་རྣམས་ནི་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་རྗེས་སུ་སྐྱེས་པའི་བོད་རིགས་ན་གཞོན་ཤ་སྟག་ཡིན་པ་དང་། བོད་དེ་རྒྱ་ནག་གིས་ལོ་ངོ་དྲུག་བཅུ་བཙན་བཟུང་བྱས་པའི་རྗེས་སུ་ཡང་བོད་མི་རྣམས་རྒྱ་ནག་འོག་ཏུ་སྡོད་རྒྱུར་མོས་མཐུན་ཡོད་པ་ཞིག་བཟོ་ཐུབ་མེད་པའི་དེ་ཡང་དངོས་ཡོད་རེད་ཅེས་གསུངས་འདུག།