སྲིད་སྐྱོང་བློ་བཟང་སེང་གེ་ཁ་བྲལ་རིང་ལུགས་པ་རེད་ཟེར།

རྒྱ་ནག་གཞུང་གིས་སྲིད་སྐྱོང་བློ་བཟང་སེང་གེ་ཁ་བྲལ་རིང་ལུཊ་པ་ཡིན་ལུཊ་སྐྱོན་འཛུཊ་དང་བོད་རྒྱ་ཞི་མོལ་ལ་རེ་བ་ཙམ་ཡང་མེད་པའི་བརྡ་བསྟན་འདུག

་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་Hong Lei པར། AFP

རྒྱ་ནག་གཞུང་གིས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཁ་བྲལ་རིང་ལུཊ་པ་ཡིན་ལུཊ་སྐྱོན་འཛུཊ་དང་བོད་རྒྱ་ཞི་མོལ་ལ་རེ་བ་ཙམ་ཡང་མེད་པའི་བརྡ་བསྟན་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཁ་ས་ཚེས་༥ཉིན་རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་སྲིད་ཇུས་ལ་གོ་རྟོགས་རྒྱ་བསྐྱེད་ཀྱི་ལས་འགུལ་གསལ་བསྒྲགས་གནང་ཡོད་པ་དང་། དེའི་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱ་ནག་གི་སྲིད་འཛིན་Xi Jinping མཆོག་ནས་བོད་རྒྱ་ཞི་མོལ་བསྐྱར་གསོ་དང་། རྒྱ་ནག་གིས་བོད་ཐོག་གདུག་རྩུབ་ཅན་གྱི་སྲིད་ཇུས་བཟུང་བཞིན་པ་ཞི་འཇམ་གཏོང་བའི་འབོད་སྐུལ་ཞུས་ཡོད་པ་རེད། འོན་ཀྱང་ཚེས༦ཉིན་རྒྱ་ནག་གི་གསར་འགོད་ལྷན་ཚོགས་ཤིག་ཐོག་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་
ཚབ་པ་Hong Leiཡིས་སྲིད་སྐྱོང་མཆོག་ལ་ཚིག་རྩུབ་པོའི་ཐོག་སྐྱོན་བརྗོད་བྱས་པ་དང་སྦྲགས་བོད་རྒྱ་ཞི་མོལ་བསྐྱར་གསོ་བྱེད་རྒྱུའི་རེ་བ་བར་ཐག་རིང་པོ་ཡིན་སྐོར་གསལ་འདོན་བྱས་བ་དང་། ད་དུང་ཁོང་གིས། སྐབས་དོན་གྱི་མི་དེ་བརྒྱ་ཆ་བརྒྱ་ཁ་བྲལ་རིང་ལུགས་པ་ཞིག་རེད། ཁོ་ནི་བཙན་བྱོལ་བོད་གཞུང་བརྗོད་པའི་འགོ་དཔོན་རེད་ལ་ཁོ་བོས་བོད་ཀྱི་གནད་དོན་ཐོག་ལ་བཟང་ཕྱོགས་ཀྱི་ལས་དོན་སྤུ་ཙམ་འགྲུབ་མེད་པ་རེད་ཅེས་དང་། ཡང་ཁོ་པས་འགོ་ཁྲིད་པའི་སྒྲིག་འཛུགས་དེས་རང་བཙན་འགྲུབ་བྱའི་དོན་དུ་བོད་རྒྱ་ནག་ནས་ཁ་བྲལ་གཏོང་རྒྱུའི་དམིགས་ཡུལ་བཟུང་བཞིན་ཡོད་སྟབས་རྒྱ་ནག་གི་ཁྲིམས་ལུགས་ལྟར།  སྒྲིག་འཛུགས་དེ་བཞིན་ཁྲིམས་འགལ་ཞིག་ཡིན་པ་དང་། རྒྱལ་ཁབ་སུས་ཀྱང་ངོས་འཛིན་མེད་པ་ཞིག་རེད་ཅེས་བཤད་འདུག ད་དུང་Hong Lei ཡིས་གྲོས་མོལ་གྱི་སྒོ་མོ་ཕྱེ་མུས་ཡིན་ཡང་རྒྱ་ནག་གི་ངོས་ནས་ཏཱ་ལའི་བླ་མའི་སྐུ་ཚབ་དང་མཉམ་མ་གཏོགས་གྲོས་མོལ་བྱ་རྒྱུ་མིན་པ་དང་། དེ་ཡང་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་གནད་དོན་ཙམ་ལས་བོད་ཀྱི་གནད་དོན་དང་འབྲེལ་བའི་སྐོར་གྲོས་མོལ་བྱ་རྒྱུ་མིན་པ་གསལ་འདོན་བྱས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org