ནོར་ཝེ་སྲིད་བློན་ལ་འཚམས་འདྲི།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ནོར་ཝེའི་སྲིད་བློན་གསར་པ་(Ms Erna Solberg) མཆོག་ལ་འཚམས་འདྲི་ཞུས་གནང་འདུག
-
2013-09-13 -
-
-
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྕམ་སྐུ་ཨེར་ན་སོལ་སྦག་(Ms Erna Solberg) མཆོག་ནོར་ཝེ་གྱི་སྲིད་བློན་གསར་པར་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་དང་སྦྲགས། ལས་དོན་ལམ་ལྷོང་ཡོང་བའི་སྨོན་འདུན་གནང་འདུག སྲིད་སྐྱོང་མཆོག་གིས་གསུང་འཕྲིན་དེའི་ནང་། སྐུ་ཉིད་མཆོག་ལ་ཐེངས་འདིར་སྲིད་བློན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པ་ནི་ཕྱི་ལོ་ ༡༩༩༠ ནས་རྙིང་ཞེན་ཚོགས་པའི་ (Conservative) དབུ་ཁྲིད་ལ་རྒྱལ་ཁ་ཐོབ་པ་ཐེངས་དང་པོ་ཆགས་ཡོད་སྐོར་ངོ་སྤྲོད་དང་འབྲེལ། ནོར་ཝེའི་གཞུང་མང་གཉིས་ཀྱིས་འཚེ་མེད་ཞི་བ་དང་མང་གཙོའི་ལྟ་གྲུབ་ལ་གཞི་བཅོལ་བའི་བོད་མིའི་འཐབ་རྩོད་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་འདུག སྲིད་སྐྱོང་མཆོག་གིས་ད་དུང་། སྐུ་ཉིད་མཆོག་གི་དབུ་ཁྲིད་འོག་བོད་དོན་ཐོག་སྔར་བཞིན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་རེ་འདུན་ཞུ་བཞིན་ཡོད། ཅེས་གསུངས་འདུག།