ཧྥ་རན་སིར་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུ་ཆེན་མོའི་བགྲོ་གླེང་།
ཧྥ་རན་སིའི་ནང་འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཡོ་རོབ་སྤྱི་འཐུས་སྐོར་བགྲོ་གླེང་ཐོག་མ་དེ་གོ་བསྒྲིགས་ཞུས་གནང་འདུག
-
2015-08-24 -
-
-
ཧྤ་རན་སིའི་ནང་འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཡོ་རོབ་སྤྱི་འཐུས་སྐོར་བགྲོ་གླེང་ཐོག་མ་དེ་གོ་བསྒྲིགས་ཞུས་གནང་འདུག
དེ་ཡང་ཧྥ་རན་སིར་གནས་སྡོད་གྲགས་པ་ལགས་ཀྱིས་གནས་ཚུལ་བཏང་དོན། བཙན་བྱོལ་བོད་མའི་སྒྲིག་འཛུགས་ཀྱི་འབྱུང་འགྱུར་བཀའ་ཤག་སྐབས་༡༥པའི་སྲིད་སྐྱོང་དང་། སྐབས་༡༦པའི་བོད་མི་མང་སྤྱི་འཐུས་གཉིས་ཀྱི་འོས་བསྡུ་ཆེན་པོ་རན་ལ་ཉེ་བའི་སྐབས་དང་བསྟུན། འདི་ཚེས་༢༣་རེས་གཟའ་ཉི་མའི་ཉིན་རྒྱབ་ཧྥ་རན་སིའི་རྒྱལ་ས་པེ་རེ་སུར་བོད་ཀྱི་སྐུ་ཚབ་འབྲེལ་མཐུད་ཁང་དང་། བོད་རིགས་སྤྱི་མཐུན་ཚོགས་པ་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་ཆེད་དུ་གདན་ཞུ་གནང་ནས་སྲིད་སྐྱོང་དང་ཡུ་རོབ་སྤྱི་མཐུས་འོས་བསྡུའི་སྐོར་བགྲོ་གླེང་དང་། དྲི་བ་དྲི་ལན་བཅས་ཀྱི་འདུ་འཛོམས་གནང་ཡོད་པ་རེད།
ཐེངས་འདིའི་བགྲོ་གླེང་འདི་བཞིན་བོད་ཀྱི་དུས་བབ་གསར་ཁང་གིས་གོ་བསྒྲིགས་ཞུས་པ་ཞིག་ཡིན་པ་དང་། ཚོགས་ཡུལ་ཁུལ་དེའི་རིག་པ་ཆོས་ཚོགས་སུ་ཡིན་འདུག
གོང་ཞུས་ལྟར་སྐུ་མགྲོན་གྲས་སུ་བོད་ཀྱི་འབྲེལ་མཐུན་ཁང་གི་དྲུང་ཆེ་དང་། ཧྥ་རན་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་། ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་། ཧྥ་རན་སི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ། པེན་(PEN)ཞེས་པའི་བོད་རིགས་རྩོམ་བྲིས་ཚོགས་པའི་ཚོགས་གཙོ་དང་། སྤྱི་འཐུས་ཟུར་པ་བཅས་ཡོད་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།