ཨ་རིའི་སྐོར་བསྐྱོད་མཇུག་བསྒྲིལ།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་ནུབ་ཕྱོགས་ས་ཁུལ་ཁག་ཅིག་གི་ནང་བདུན་ཕྲག་གཅིག་ཙམ་གྱི་འཚམས་གཟིགས་དེ་ལེགས་གྲུབ་བྱུང་འདུག

བོད་མི་རྣམས་ནས་སྲིད་སྐྱོང་མཆོག་ལ་ཕེབས་བསུ་ཞུས་པ། དབུས་བོད་མིའི་སྒྲིག་འཛུགས།

༄༅།    །དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་མི་རི་ཀའི་ནུབ་ཕྱོགས་ཁུལ་གྱི་’འཚམས་གཟིགས་མཐའ་མ་དེ་Salt Lakeགྲོང་ཁྱེར་གྱི་བོད་མི་ཚོ་དང་མཇལ་འཕྲད་གནང་སྟེ་མཇུག་བསྒྲིལ་གནང་འདུག    སྲིད་སྐྱོང་མཆོག་ཟླ་བ་འདིའི་ཚེས་༢༢ནས་བཟུང་བདུན་ཕྲག་གཅིག་ཙམ་གྱི་རིང་ཨ་རིའི་ནུབ་བརྒྱུད་གྲོང་ཁྱེར་San Franciscoདང་། Portland, Seattle, Los Angeles བཅས་སུ་ཆེད་ཕེབས་ཀྱིས་ས་གནས་དེ་ཚོའི་ནང་གི་ཨ་མི་རིཀའི་དཔོན་རིགས་ཁག་གཅིག་མཇལ་འཕྲད། དེ་བཞིན་བོད་མི་ཚོར་གསུང་བཤད་དང་དྲི་བ་དྲི་ལན་སོགས་གནང་ཡོད་པ་རེད།    འཚམས་གཟིགས་མཐའ་མ་དེ་ཨ་མི་རི་ཀའི་ཡུ་ཊ་མངའ་སྡེའི་གྲོང་ཁྱེར་ Salt Lake  གྲོང་ཁྱེར་རུ་ཕེབས་སྐབས་མངའ་སྡེའི་སྲིད་སྐྱོང་གཞོན་པ་དང་། སྲིད་སྐྱོང་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སོགས་དང་མཇལ་འཕྲད་གནང་འདུག    སྐབས་དེར་ལོ་ཉི་ཤུའི་གོང་བོད་མི་ཆིག་སྟོང་གཞིས་སྤོས་སྐབས་རོགས་སྐྱོར་གནང་མཁན་གྱི་མི་སྣ་ཁག་གཅིག་དང་ཡང་མཇལ་འཕྲད་གནང་སྟེ་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུས་གནང་འདུག    ཡང་སྲིད་སྐྱོང་མཆོག་ནས་ཡུ་ཊ་གཙུག་ལག་སློབ་གྲྭའི་ཁྲིམས་ལུགས་སྡེ་ཚན་གྱི་སློབ་ཕྲུག་དང་དགེ་ལས་བཅས་ལ་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་གསུང་བཤད་ཞིག་གནང་ཡོད་པ་དང་།    སྐབས་དེར་སྲིད་སྐྱོང་མཆོག་གིས་ད་དུང་།    ཨ་རིའི་རང་དབང་འཐབ་རྩོད་པ་སྐུ་ཞབས་Martin Luther King Jr.དང་གཅིག་མཚུངས་བོད་མི་རྣམས་ལའང་རང་དབང་གི་དཔལ་ཡོན་ལོངས་སུ་སྤྱོད་རྒྱུའི་རྨི་ལམ་ཡོད་སྐོར་གསུངས་འདུག    སྲིད་སྐྱོང་མཆོག་གིས་ད་དུང་།    བོད་མིའི་རྨི་ལམ་ལྟར་རང་དབང་ཐོབ་པའི་ཉི་མ་ཞིག་བྱུང་བ་ཡིན་ན།    འཛམ་བུ་གླིང་གི་རྨི་ལམ་གང་ཙམ་ཡང་རང་བཞིན་གྱིས་གྲུབ་རྒྱུ་ཡིན་སྐོར་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org