སྲིད་སྐྱོང་མཆོག་གིས་བོད་མི་ཚང་མ་རྡོག་རྩ་གཅིག་དྲིལ་གནང་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ།

སྲིད་སྐྱོང་མཆོག་གིས་སྤྱི་ཚོགས་ནང་སྐབས་རེ་མི་མཐུན་པའི་བསམ་ཚུལ་ཡོད་མིན་ལ་མ་ལྟོས་པར་སྤྱི་ཡོངས་ནས་བོད་མི་ཚང་མ་རྡོག་རྩ་གཅིག་དྲིལ་གནང་རྒྱུ་གལ་ཆེན་པ་རེད་ཅེས་གསུངས་པ།

༢༠༢༢།༤།༢༩།ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་རྣམས་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུས་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། པ་སངས་དོན་ལྡན།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཟླ་བ་འདིའི་ཚེས་༢༥ནས་༢༩བར་ཉིན་གྲངས་ལྔའི་རིང་ཨ་རིའི་རྒྱལ་སའི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པི་ལོ་སི་མཆོག་དང་Jim Mcgovern གཙོས་པའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་། དེ་བཞིན་ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་་ཨཛ་ར་ཛི་ཡ་མཆོག་དང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཆེས་མཐོའི་གཞུང་ཚབ་སྐུ་ཞབས་Rashad Hussain དང་། ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་འབྲེལ་མཐུད་པ་སྐུ་ཞབས་Kurt Campbell སོགས་རྒྱལ་སའི་ནང་གི་ཨ་རིའི་གནད་ཡོད་མི་སྣ་མང་པོ་ཞིག་དང་ལྷན་མཇལ་མོལ་གྱིས་བོད་དོན་སྐོར་ཞུ་སྐུལ་གླེང་སློང་རྒྱ་ཆེ་གནང་ཡོད་པ་རེད།
ཁ་ས་སྲིད་སྐྱོང་མཆོག་གི་འཚམས་གཟིགས་ཀྱི་ཉིན་མཐའ་མ་སྤྱི་ཚེས་༢༩རེས་གཟའ་པ་སངས་ཀྱི་དགོངས་དྲོ་འདི་ག་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུས་སྐབས། སྲིད་སྐྱོང་མཆོག་གིས་སྤྱི་ཚོགས་ནང་སྐབས་རེ་མི་མཐུན་པའི་བསམ་ཚུལ་ཡོད་མིན་ལ་མ་ལྟོས་པར་སྤྱི་ཡོངས་ནས་བོད་མི་ཚང་མ་རྡོག་རྩ་གཅིག་དྲིལ་གནང་རྒྱུ་གལ་ཆེན་པ་རེད་ཅེས་གསུངས་ཡོད་པ་རེད།།
གསར་འགོད་པ། རིག་ལྡན་སྒྲོལ་མ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org