རྩེད་འགྲན་ཐེངས་༢༢པ་དབུ་འབྱེད།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་རྩེད་འགྲན་ཐེངས་༢༢ པ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་འདུག

སྲིད་སྐྱོང་མཆོག་གིས་རྡ་ཤོད་བོད་ཁྱིམ་སློབ་གྲྭ པར། བཙན་བྱོལ་བོད་མིའི་སྒྲིག་འཛུགས།

སྲིད་སྐྱོང་མཆོག་གིས་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་རྩེད་འགྲན་ཐེངས་༢༢ པ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་འདུག

དེ་ཡང་རྡ་ཤོད་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ ༢༩ འཁོར་བའི་ཉིན་མོ་དང་ཁང་ཚན་ནང་ཁུལ་རྒྱུགས་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐེངས་ ༢༢ པ་དབུ་འབྱེད་ཀྱི་མཛད་སྒོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་བཞག།

སྲིད་སྐྱོང་མཆོག་གིས་རིག་ལམ་བརྒྱུད་སློབ་ཚན་ཁག་སློབ་ཁྲིད་གནང་རྒྱུར་སློབ་དགེ་རྣམ་པ་དང་དམིགས་བསལ་ཆོས་དགེ་རྣམ་པས་ཐུགས་འཁུར་ཆེ་བཞེས་གནང་ཡོད་པརབསྔགས་བརྗོད་གནང་བ་དང་སྦྲགས། མིའི་འཕྲོད་བསྟེན་ལ་རྩེད་རྩལ་གྱིས་ཕན་གྱི་ཡོད་པར་བརྟེན་ཆུང་དུས་ནས་རྩེད་མོ་རྩེད་ཡག་དེ་འཕྲོད་བསྟེན་ཡག་པོ་ཡོང་རྒྱུའི་གོམས་གཤིས་བཟང་པོ་ཞིག་ཡིན་སྐོར་དང་།  འཕྲོད་བསྟེན་དང་འབྲེལ་བའི་ཐོག་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་པ། ལྷག་པར་དུ་གཅིན་སྙིའི་ནད་དང། ཁྲག་ཤེད། སྙིང་གི་ན་ཚ་སོགས་བོད་པའི་སྤྱི་ཚོགས་ནང་དེང་སང་ཁྱབ་བཞིན་ཡོད་སྟབས། ཟས་སྤྱོད་བསྟོན་སྟངས་ཐད་དོ་སྣང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་བཞག།

ཕྱི་ལོ་ ༢༠༡༣ ལོའི་ཁང་ཚན་ནང་ཁུལ་རྒྱུགས་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐེངས་ ༢༢ པ་དབུ་འབྱེད་གནང་བ་དང་ཕྱོགས་མཚུངས།  སྲིད་སྐྱོང་མཆོག་གིས་རྡ་ཤོད་བོད་ཁྱིམ་སློབ་ཕྲུག་རྣམས་ཀྱིས་བཟོས་པའི་འགྲེམས་སྟོན་ཞིག་ཀྱང་དབུ་འབྱེད་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org