བོད་ནང་གི་གནས་སྟངས་ལ་བློ་འཚབ་ཡོད་པ་གསལ་སྟོན།
སྲིད་སྐྱོང་མཆོག་གིས་སི་པན་གྱི་Cataloniaགྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ཐོག་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་འདུག
-
2014-10-21 -
-
-
སྲིད་སྐྱོང་མཆོག་གིས་སི་པན་གྱི་Cataloniaགྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ཐོག་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་འདུག
དེ་ཡང་སྲིད་སྐྱོང་མཆོག་གིས་Spanགྱི་རང་སྐྱོང་ས་ཁུལ་Cataloniaའི་གྲོང་ཁྱེར་Barcelona ནང་ཉིན་གྲངས་གཉིས་རིང་འཚམས་འདྲི་གནང་ཡོད་ཅིང། ཕྱི་ཚེས་༢༠ཉིན་སྲིད་སྐྱོང་མཆོག་Cataloniaགྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དུ་ཕེབས་པའི་སྐབས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོག་གཙོ་སྐུ་ཞབས་Jordi Soleམཆོག་གིས་དགའ་བསུའི་ཕེབས་བསུ་ཞུས་ཡོད་པ་མ་ཟད། ཁོང་གིས་Cataloniaགྲོས་ཚོགས་ཀྱི་ཐོག་ནས་བོད་ནང་དུ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དུ་གཏོང་བཞིན་པའི་གནས་སྟངས་ལ་བློ་འཚབ་གནང་གི་ཡོད་པའི་སྐོར་གསལ་སྟོན་གནང་ཡོད། གྲོས་ཚོགས་ཀྱི་འཐུས་མི་གཞན་ཚོས་ད་ལྟའི་བོད་ནང་གི་ཛ་དྲག་དང་ཡ་ང་བའི་གནས་སྟངས་ལ་བློ་འཚབ་ཡོད་པའི་གསལ་སྟོན་གནང་ཡོད་པ་རེད། དེའི་རྗེས་སྲིད་སྐྱོང་མཆོག་གིས་ཀྱང་༢༠༠༩ནས་བཟུང་ད་བར་བོད་ནང་གི་བོད་མི་༡༣༢ རང་ལུས་མེ་བསྲེག་བཏང་བའི་འབྱུང་རྐྱེན་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་བློ་འཚབ་ཆེན་པོས་མཐའ་གཅིག་ཏུ་རང་ལུས་མེ་བསྲེག་གི་དོན་རྐྱེན་མི་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་ནའང་བོད་མི་དེ་དག་གི་མངོན་འདོད་ནི་༧གོང་ས་མཆོག་བོད་ལ་གདན་ཞུ་བྱ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་དགོས་འདུན་ལ་རྒྱབ་སྐྱོར་ཞུ་གི་ཡོད་ཅེས་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱའི་དཀའ་རྙོགས་སེལ་ཐབས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ལག་ལེན་བསྟར་གནང་བཞིན་ཡོད་ནའང་༢༠༡༠ཕྱི་ཟླ་དང་པོ་ནས་བཟུང་རྒྱ་ནག་དང་གྲོས་མོལ་མཚམས་ཆད་པའི་སྐོར་སོགས་གཏམ་བཤད་གནང་ཡོད་པ་རེད། ད་དུང་Cataloniaའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། Barcelonaའི་གྲོང་ཁྱེར་སྤྱི་ཁྱབ་སྐུ་གཞོན་དང་མཇལ་འཕྲད་གནང་ཡོད་པའི་ཁར་Barcelonaའི་གསར་འགོད་ཚོགས་པས་གོ་སྒྲིག་གནང་བའི་གསར་འགོད་ལྷན་ཚོགས་ཐེངས་གཅིག་གི་ཐོག་ལ་གསར་འགོད་པ་མི་འདྲ་བ་ཁག་བཅུ་ཡི་བཅར་འདྲི་ཞུས་ཡོད་ཅིང། སྲིད་སྐྱོང་མཆོག་ད་རེས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་བཞིའི་ནང་འཚམས་འདྲིར་ཕེབས་ཡོད་པ་ལྟར་འཚམས་འདྲི་མཐའ་མ་དེ་གྲོང་ཁྱེར་Baceloniaའི་ནང་ཕྱི་ཚེས་༡༨ཉིན་གྱི་ཕྱི་དྲོ་ཕེབས་འབྱོར་གྱིས་ལས་རིམ་མཐའ་མ་དེ་ཕྱི་ཚེས་༢༠ཕྱི་དྲོ་བོད་ཁང་དུ་མང་ཚོགས་ལ་གསུང་བཤད་གནང་སྟེ་མཇུག་སྒྲིལ་གནང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།