ཞོགས་ལྗང་བཙོན་གྲོལ་བྱུང་ཡང་མུ་མཐུད་དུ་ལྟ་རྟོག་འོག་འདུག
གཞོན་སྐྱེས་རྩོམ་པ་པོ་ཞོགས་ལྗང་གློད་གྲོལ་བྱུང་ཡང་མུ་མཐུད་དུ་རྒྱ་ནག་གི་དམ་དྲག་ལྟ་རྟོག་ནན་མོ་བཞིན་པ་རེད་འདུག
-
2018-03-20 -
-
-
Your browser doesn’t support HTML5 audio
གཞོན་སྐྱེས་རྩོམ་པ་པོ་ཞོགས་ལྗང་གློད་གྲོལ་བྱུང་ཡང་མུ་མཐུད་དུ་རྒྱ་ནག་གི་དམ་དྲག་ལྟ་རྟོག་ནན་མོ་བཞིན་པ་རེད་འདུག
དེ་ཡང་འདི་གའི་གསར་འགོད་པ་བློ་བྷེ་ལ་བོད་ནས་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ན་གཞོན་རྩོམ་པ་པོ་ཞོགས་ལྗངས་ལགས་ཕྱི་ཚེས་ ༡༩ འི་སྔ་དྲོར་ལོ་གསུམ་གྱི་བཙོན་འཇུག་དུས་ཡུན་གཙང་ཏེ་གློད་གྲོལ་བྱུང་བ་དང་། ཉིན་དེའི་དགོང་དྲོར་མདོ་སྨད་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོའི་ནང་ཡོད་པའི་རང་ཁྱིམ་དུ་འབྱོར་ཡོད། ཁོང་གི་སྐུ་གཟུགས་གནས་སྟངས་བདེ་ཐང་ཡིན་པ་ཙམ་མངོན་ཡང་བཙོན་ནས་གློད་གྲོལ་ཐོབ་པ་ལས་རང་དབང་གི་ཐོག་ནས་འགྲོ་བསྐྱོད་དང་ཕྱི་མི་ཐུག་འཕྲད་མི་ཆོག་པའི་དམ་དྲག་ཡོད་མུས་ཡིན་པ་འགྲེལ་བརྗོད་བྱས་འདུག
རྩོམ་པ་པོ་ཞོགས་ལྗང་ལགས་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་མཚོ་སྔོན་ཞིང་ཆེན་རེབ་གོང་ནས་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༢ ཚེས་ ༡༧ ཉིན། ཁོང་གི་ནང་མི་གཉེན་ཉེ་སོགས་གང་ཡང་མེད་པར་ཐུན་རིན་མི་མང་ཁྲིམས་ཁང་ནས་ཞོགས་ལྗང་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་མི་རིགས་ཁ་བྲལ་གྱི་ཟིང་ཆ་བསླངས་པ་དང་། ཕྱི་གྱར་ཁ་བྲལ་བར་ལྐོག་འབྲེལ་བྱས་པ། ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་སྤྱི་ཚོགས་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་གནས་ཚུལ་སྤེལ་བ་སོགས་ནག་ཉེས་ ༤ བགྲང་སྟེ་ཁ་ས་ཕྱི་ཚེས་ ༡༩ བར་གྱི་མི་ལོ་གསུམ་རིང་བཙོན་འཇུག་བྱས་ཡོད་པ་རེད།
ཕབ་བཤུས་ངག་ཆོས།