ཤ་བོ་བཀྲ་ཤིས་ལགས་མི་ལོ་ལྔ་ལ་བཙོན་འཇུག་རྗེས་བཙོན་གྲོལ་བྱུང་འདུག
རང་ལུས་མེར་སྲེག་གི་འདྲ་པར་ཕྱི་ལ་བཀྲམ་ཚུལ་གྱིས་འཛིན་བཟུང་བྱས་བའི་ཤ་བོ་བཀྲ་ཤིས་ལགས་མི་ལོ་ལྔ་ལ་བཙོན་འཇུག་རྗེས་བཙོན་གྲོལ་བྱུང་འདུག
-
2018-02-21 -
-
-
རང་ལུས་མེར་སྲེག་གི་འདྲ་པར་ཕྱི་ལ་བཀྲམ་ཚུལ་གྱིས་འཛིན་བཟུང་བྱས་བའི་ཤ་བོ་བཀྲ་ཤིས་ལགས་མི་ལོ་ལྔའི་རིང་བཙོན་འཇུག་རྗེས་བཙོན་གྲོལ་བྱུང་འདུག
དེ་ཡང་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ ་ ༢༠༡༢ ཟླ་ ༡༡ པའི་ནང་རྒྱ་ནག་གཞུང་གིས་བོད་མདོ་སྨད་རེབ་གོང་(རྨ་ལྷོ་ཁུལ་)མདོ་བ་ཡུལ་ཚོའི་གླུ་པ་ཤ་བོ་བཀྲ་ཤིས་ལགས་ས་གནས་སུ་བྱུང་བའི་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་སྐབས་འདྲ་པར་ཕྱི་ལ་བཀྲམ་པ་དང་། ལ་རྒྱའི་གླུ་བླངས་བ་སོགས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་པ་དང་། ཕྱི་ལོ་ ༢༠༡༣ ལོར་གསང་བའི་ཐོག་ནས་ལོ་ལྔ་ཡི་དུས་བཀག་ཁྲིམས་ཐག་བཅད་ནས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཏེ་ཕྱི་ལོ་༢༠༡༨་ལོའི་ཟླ་ ༡ ཚེས་ ༣ ཉིན་གློད་གྲོལ་བཏང་འདུག
ཤ་བོ་བཀྲ་ཤིས་ལགས་ནི། རེབ་གོང་མདོ་བ་ཤང་སྒྲོག་རོང་བོ་སྡེ་བ་ནས་ཡིན་པ་དང་། ཆུང་དུས་ནས་དམངས་གླུ་དང་རྡུང་ལེན་ལ་ཤིན་ཏུ་དགའ་མོས་ཡོད་མཁན་ཞིག་ཡིན་འདུག འདས་པའི་དུས་སུ་ཁོང་གིས་༼རྒྱང་རིང་གི་ཕ་ལོ་༽ཞེས་པའི་ཆེད་བསྒྲིགས་འོད་སྡེར་གཙོས་འོད་སྡེར་ཁག་གཅིག་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་ཞུས་ཏེ་རོང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཐོབ་ཡོད་འདུག
གསར་འགོད་པ་ཟླ་བ་སྒྲོལ་མ་དང་། ཕབ་བཤུས་རྡོ་རྗེ་དགྲ་འདུལ།