རྒྱ་བོད་འབྲེལ་ལམ་དང་བོད་ཀྱི་གནད་དོན་ཞེས་བའི་ལྷན་ཚོགས།

རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་བོད་འབྲེལ་ལམ་དང་བོད་ཀྱི་གནད་དོན་ཞེས་པའི་བཞུགས་མོལ་ལྷན་ཚོགས་གནང་འདུག

རྒྱ་བོད་འབྲེལ་ལམ་དང་བོད་ཀྱི་གནད་དོན་ཞེས་བའི་ལྷན་ཚོགས་སྐབས། ༢༠༡༤།༨།༢༦ བོད་མིའི་སྒྲིག་འཛུགས

རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་བོད་འབྲེལ་ལམ་དང་བོད་ཀྱི་གནད་དོན་ཞེས་པའི་བཞུགས་མོལ་ལྷན་ཚོགས་གནང་འདུག          
དེ་ཡང་ཟླ་༨པའི་ཚེས་༢༦ ཉིན་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་Bharat Tibbat Sahyog Manchཡིས་རྒྱ་གར་བྱང་ཕྱོགས་ཨམ་རིཀྲི་སར་གྲོང་ཁྱེར་ནང་རྒྱ་བོད་འབྲེལ་ལམ་དང་བོད་ཀྱི་གནད་དོན་ཞེས་པའི་བརྗོད་གཞིའི་ཐོག་བཞུགས་མོལ་ལྷན་ཚོགས་ཤིག་གནང་ཡོད་པ་དང་། བཞུགས་མོལ་ལྷན་ཚོགས་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་རྒྱ་དཀར་དང་བོད་ཀྱི་འབྲེལ་འཐུད་ལས་ཁུངས་ཀྱི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་གཙོ་སྐྱོང་གནང་ཡོད་པ་དང་། དེར་ཚོགས་ཞུགས་མི་གྲངས་བརྒྱ་སྐོར་ཞིག་འཛོམས་ཡོད་འདུག ལྷན་ཚོགས་སྐབས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་Bharat Tibbat Sahyog Manchརྒྱུན་ལས་ཚོགས་གཙོ་སྐུ་ཞབས་Dr. K.C. Agnihothri ཡིས་རྒྱ་གར་དང་བོད་ཀྱི་འབྲེལ་བའི་སྐོར་གྱི་གསུང་བཤད་གནང་སྐབས་ཡུལ་གཉིས་བར་གྱི་འབྲེལ་བ་དེ་རྒྱ་གར་གྱི་ཧིན་དུའི་ཆོས་ལུགས་ནང་གི་Mahabharat གྱི་གཏམ་བརྒྱུད་ལས་རིང་བ་བྱུང་ཡོད་སྐོར་གླེང་ཡོད་པ་རེད། ཁོང་གིས་རྒྱ་གར་གྱི་དབུ་ཁྲིད་དམ་པ་Sardar Villabhai Patel, Rammanohar Lohia,Loknayak J.P. Narayan, Acharya J.B. Kirpalani, Dr. B. R. Ambedkar སོགས་ཀྱིས་རྒྱ་ནག་གིས་བོད་བཙན་འཛུལ་བྱས་པར་བློ་དོགས་གནང་ཡོད་པ་མ་ཟད་ཁོང་རྣམས་ཀྱིས་རྒྱའི་རྒྱ་སྐྱེད་རིང་ལུགས་དེར་དོག་ཟོན་བྱེད་དགོས་སྐོར་གསུངས་པ་ལུང་འདྲེན་གནང་འདུག དེ་བཞིན་ཁོང་གིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་རྒྱ་གར་གྱི་ཡུལ་མི་རྣམས་ལ་བོད་ནང་རྒྱ་ནག་གིས་དྲག་གནོན་ཅན་གྱི་སྲིད་བྱུས་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིགས་བཏང་བ་དེར་ངོ་རྒོལ་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་མ་ཟད་རྒྱ་གར་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་བཏང་གནང་ནས་བོད་ཀྱི་གནས་དོན་དེ་ཞི་བའི་སྒོ་ནས་སེལ་དགོས་པའི་དགོས་འདུན་ཡང་བཏོན་གནང་ཡོད་འདུག

གསར་འགོད་པ་ལྷུན་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org