མགོན་པོ་ཚེ་རིང་གི་ཕ་འཛིན་བཟུང་།

རྒྱ་གཞུང་ནས་བོད་མི་རང་སྲེག་གཏོང་མཁན་གྱི་ནང་མིར་དྲག་གནོན་བྱེད་བཞིན་པ་ལྟར། ཨ་མདོ་མངའ་ཁུལ་གྱི་རང་སྲེག་གཏོང་མཁན་མགོན་པོ་ཚེ་རིང་ལཌ་ཀྱི་པ་ལགས་དང་སྤོ་སྤོ་གཉིས་འཛིན་བཟུང་དོ་དམ་བྱས་ཡོད་པ་རེད།

༄༅།    །གུང་གྲངས་ ༢༤ ལ་སོན་པའི་མགོན་པོ་ཚེ་རིང་ལགས་ཀྱིས་རང་ལུས་མེར་སྲེག་དེ་ཉེ་སྔོན་ཕྱི་ཟླ་ ༡༡ པའི་ཚེས་ ༢༦ ཉིན་ཨ་མདོའི་ཨ་ལ་འདུད་སྒོའི་དགོན་པའི་མདུན་ཐང་དུ་གནང་ཡོད་པ་དང་ཁོང་རང་བསྲེག་གནང་ཡུལ་དེར་འདས་གྲོངས་གྱུར་ཡོད་པ་རེད།           པེ་ཅིང་ནང་བཞུགས་པའི་བོད་རིགས་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་མགོན་པོ་ཚེ་རིང་ལགས་ཀྱི་པ་ལགས་བཀྲིས་བསོད་ནམས་ལགས་དང་།    ཁོང་གི་སྤོ་སྤོ་ལགས་རྒྱ་མིའི་ཉེན་རྟོག་མི་སྣས་ཁོང་རང་བསྲེག་གནང་ནས་ཉིན་ ༡༠ རྗེས་འཛིན་བཟུང་བྱས་སྐོར་གསུང་འདུག            འཛིན་བཟུང་བྱས་པའི་མགོན་པོ་ཚེ་རིང་ལགས་ཀྱི་པ་ལགས་དང་སྤོ་སྤོ་ལགས་ཀྱི་ད་ལྟའི་གནས་སྟངས་ཆ་མ་རྟོག་པའི་གནས་ཚུལ་གྱུར་ཡོད་པ་རེད།          ཡང་བོད་རིགས་རྩོམ་པོ་པོ་འོད་ཟེར་ལགས་ཀྱིས་མགོན་པོ་ཚེ་རིང་ལགས་ཀྱི་ནང་མི་རྣམས་ཀྱིས་ཉེ་ཆར་གསང་བའི་ཐོག་བོད་ནང་སླེབས་པའི་ཕིརནསི་  Le Monde  ཞེས་པའི་གསར་འགོད་པར་བཀའ་མོལ་གནང་ཡོད་སྐོར་གསུངས་འདུག
བོད་མདོ་སྟོད་སྨད་མངའ་ཁུལ་ནང་རང་སྲེག་གཏོང་གནང་མཁན་གྱི་གནས་ཚུལ་དེ་མང་པོ་བྱུང་བའི་རྗེས་ཕི་རན་སིའི་  Le Monde  ཞེས་པའི་གསར་ཤོག་གི་གསར་འགོད་པ་རྣམས་བོད་ཀྱི་མངའ་ཁུལ་དེ་དག་ནང་ཕྱི་རྒྱལ་གྱི་གསར་འགོད་པ་ཕེབས་གནང་ཐུབ་མཁན་ཐོག་མ་ཆགས་ཡོད་པ་རེད།          གོང་ཞུས་ཀྱི་ཕིརན་སིའི་གསར་ཤོག་དེའི་གསར་འགོད་པ་རྣམས་བོད་ཀྱི་ཨ་མདོ་བླ་བྲང་ཁུལ་ནང་རང་བསྲེག་བཏང་གནང་མཁན་ཚེ་རིང་དོན་གྲུབ་ལགས་ཀྱི་ནང་མི་རྣམས་དང་ཐུག་འཕྲད་གནང་ནས་ཁོང་གི་ཕས་ཚེ་རིང་དོན་གྲུབ་ལགས་ཀྱི་འདྲ་པར་བསྣམས་ནས་པར་ཞིག་ཀྱང་བརྒྱབས་གནང་ཡོད་པ་རེད།          གུང་གྲངས་   ༣༥ ལ་སོན་པའི་ཚེ་རིང་དོན་གྲུབ་ལགས་ཀྱིས་བོད་ཀྱི་ཨ་མདོ་བླ་བྲང་ཨམ་ལྕོག་ས་ཁུལ་གྱི་གཏེར་ཁ་བསྔོག་འདོན་བྱེད་ཡུལ་ཞིག་ལ་ཕྱི་ཟླ་ ༡༡ པའི་ཚེས་ ༢༠ ཉིན་རང་ལུས་མེར་བསྲེག་བཏང་གནང་ཡོད་པ་རེད་          ཁོང་རང་ལུས་མེར་བསྲེག་བཏང་གནང་ས་དེར་འདས་གྲོངས་གྱུར་ཡོད་པ་རེད།         ད་ལྟའི་ཆར་ཁོང་གི་ནང་མིའི་ཐོག་རྒྱ་གཞུང་གིས་དྲག་གནོན་བྱས་པའི་གནས་ཚུལ་ཁ་གསལ་མེད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org