སླར་ཡང་རང་ལུས་མེར་སྲེག་གི་ལས་འགུལ།

འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་འབྱོར་བའི་ནང༌། དེ་རིང་སླར་ཡང་བོད་མདོ་སྨད་ཨ་མཆོག་ཡུལ་མཚོའི་ནང་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་འདུག

༄༅།    །དེ་རིང་ཕྱི་ཟླ་བཅུ་པའི་ཚེས་༢༦ རེས་གཟའ་པ་སངས་ཉིན།    བོད་ནང་གི་ཉིན་དགུང་ཚོུད་༢།༣༠ཙམ་ལ་བོད་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོ་ནས་ཡིན་པའི་ལྷ་མོ་ཚེ་བརྟན་ལགས་ཞུ་བས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་ཆེད། ཨ་མཆོག་ཡུལ་མཚོའི་ས་གནས་རྒྱ་མིའི་དམག་སྒར་དང་ཁྲིམས་ཁང་གི་མདུན་དུ་རང་ལུས་མེར་སྲེག་བཏང་གནང་ཡོད་པ་རེད།
ལྷ་མོ་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་ཐོན་པའི་སྐབས། རྒྱ་ནག་གཞུང་གིས་དམག་མི་འབོར་ཆེན་འགྲེམས་འཇོགས་བྱས་ཡོད་ཀྱང༌། མི་དམངས་ནས་ལྷ་མོ་ཚེ་བརྟན་ལགས་ཀྱི་སྐུ་ཕུང་བདག་ཉར་ཐུབ་སྟེ་ཁོང་གི་ཁྱིམ་ཚང་དུ་འོར་ཡོད་པ་རེད། ལྷ་མོ་ཚེ་བརྟན་ལགས་ནི་དགུང་ལོ་༢༤ ཡིན་པ་དང༌། ཁོང་ནི་བསང་ཆུ་རྫོང་ཨ་མཆོག་སྐེད་སྡེ་བ་ནས་ཡིན་ཞིང༌།

ཁོང་ལ་ཤུལ་ལུས་སུ་དགུང་ལོ་༤༩ ཕེབས་པའི་ཕ་གནམ་ཕྱུག་ཚེ་རིགས་ལགས་དང༌དགུང་ལོ་༥༠ ཕེབས་པའི་མ་གཟུངས་འདུས་མཚོ་དང༌། ཁོང་གི་བཟའ་ཟླ་ཚེ་རིང་ལགས་དང༌། ལོ་གཉིས་ལ་སོན་པའི་བོུ་སྙིང་མོ་སྐྱིད་བཅས་ཡོད་པ་རེད། །

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org