ཉེས་མེད་ཉེས་འཛུགས་བྱས་བ་རྣམས་གློད་བཀྲོལ་གཏོང་དགོས།

རང་ལུས་མེར་བསྲེགས་གནང་མཁན་བོད་མི་རྣམས་ཁྲིམས་འགལ་ནག་ཅན་དུ་བཟོས་པ་ཞེས་བའི་དམིགས་བསལ་གྱི་སྙན་ཐོ་ཞིག་བཏོན་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དམིགས་བསལ་གྱི་སྙན་ཐོ། དྲ་བཤུས

རང་ལུས་མེར་བསྲེགས་གནང་མཁན་བོད་མི་རྣམས་ཁྲིམས་འགལ་ནག་ཅན་དུ་བཟོས་པ་ཞེས་བའི་དམིགས་བསལ་གྱི་སྙན་ཐོ་ཞིག་བཏོན་འདུག
དེ་ཡང་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་ལ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་Acts of Significant evil: The criminalization of Tibetan self-immolators འམ་གལ་གནད་ཆེ་བའི་བྱེད་ལས་ངན་པ་སྟེ།  རང་ལུས་མེར་བསྲེགས་གནང་མཁན་བོད་མི་རྣམས་ཁྲིམས་འགལ་ནག་ཅན་དུ་བཟོས་པ་ཞེས་འགོ་བརྗོད་དུ་འཁོད་པའི་དམིགས་བསལ་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། བོད་མི་མང་པོས་རང་ལུས་མེར་བསྲེཊ་གནང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་རྔམ་སྟོན་གནང་བའི་ལོ་རྒྱུས་རྒྱས་པོ་བཀོད་གནང་བ་དང་སྦྲཌ་རྒྱ་གཞུང་གིས་རང་ལུས་མེར་བསྲེཌ་གཏོང་རྒྱུ་བརྒྱུད་བསྐུལ་བྱེད་མཁན་ཡིན་ལུཊ་དང་། རང་ལུས་མེར་བསྲེགས་གཏོང་རྒྱུར་རོགས་ཕན་བྱས་ཚུལ་སོགས་གཞི་མེད་སྐྱོན་འཛུགས་བྱས་ཏེ་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་པ་རྒྱ་ནག་གཞུང་ལ་སྐུལ་མ་ནན་པོ་གནང་འདུག
སྙན་ཐོ་དེའི་ནང་ད་དུང་ཕྱི་ལོ་༢༠༠༩་ལོ་ནས་བཟུང་བོད་དང་རྒྱ་ནག་ནང་བོད་མི་༡༣༡་ཡིས་རང་ལུས་མེར་བསྲེགས་གནང་བ་རྣམས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་སྒྲ་གཅིག་མཚུངས་བསྒྲགས་སྐོར་དང་། ཕྱི་ལོ་༢༠༡༢་ལོར་བོད་མི་༡༡་ཙམ་ལ་རྒྱ་གཞུང་གིས་རང་ལུས་མེར་བསྲེགས་བརྒྱུད་སྐུལ་དང་རོགས་རམ་བྱས་ཚུལ་ཁ་གཡོག་དཀྲིས་ནས་བཙོན་འཇུག་དང་ཐ་ན་སྲོག་ཐོག་ཉེས་ཆད་གཏོང་རྒྱུའི་ཁྲིམས་ཐག་གཅད་སྐོར་སོགས་ཀྱང་གོང་ཞུས་སྙན་ཐོའི་ནང་བཀོད་འདུག
ད་དུང་རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་སྲུང་སྐྱོབ་དགོས་པ་དང་། བོད་ཀྱི་གནད་དོན་སེལ་ཐབས་སུ་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་ལ་འབོད་སྐུལ་ཡང་ཞུས་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org