འཚེ་བ་མེད་པའི་ལས་འགུལ་རེད།

༧གོང་ས་མཆོག་ནས་རང་ལུས་མེར་བསྲེག་གནང་རྒྱུ་དེ་འཚེ་མེད་ཞི་བའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་སྐོར་བཀའ་གནང་འདུག

ཨེ་བི་སི་གསར་ཁང་གི་བཅར་འདྲིའི་ལས་རིམ། ༧སྐུ་སྒེར་གྱི་དྲ་གནས།

༄༅།    །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨོས་ཊྲེ་ལི་ཡ་ནང་ཞབས་སོར་འཁོད་པ་དང་བསྟུན།    ཨེ་བི་སི་གསར་འགྱུར་ལས་ཁང་ནས་༧གོང་ས་མཆོག་ལ་བཅར་འདྲི་ཁག་ཅིག་ཞུས་གནང་འདུག    དེ་ཡང་༧མགོན་པོ་གང་ཉིད་ཀྱི་སྐུ་ཚེ་འདིའི་ནང་བོད་རྒྱ་ཞི་སྒྲིག་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་མེད་བཀའ་འདྲི་ཞུས་སྐབས།    རྒྱ་ནག་གཞུང་ནས་དོན་དངོས་ཀྱི་གནས་སྟངས་ངོས་ལེན་བྱེད་དགོས་པ་ཞིག་ཡིན་སྐོར་བཀའ་གནང་བ་དང་འབྲེལ།    ངེས་པར་དུ་ཞི་སྒྲིག་ཡོང་གི་རེད་བསམ་གྱི་འདུག    ཅེས་བཀའ་གནང་འདུག    ཡང་དེང་སྐབས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བཞིན་པ་དང་འབྲེལ་བའི་ཐོག་ལ་བཀའ་འདྲི་ཞུས་སྐབས།    རང་ལུས་མེར་བསྲེག་གནང་རྒྱུ་དེ་འཚེ་མེད་ཞི་བའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་སྐོར་བཀའ་གནང་འདུག        དེ་ཡང་རང་སྲེག་གནང་མཁན་ཚོས་འབར་རྫས་འགས་གཏོར་བྱས་པ་སོགས་ཀྱི་བརྒྱུད་ནས་གཞན་ལ་གནོད་འཚེ་བྱེད་ཐུབ་ཀྱི་ཡོད་ཀྱང་།    དེ་ལྟར་མ་ཡིན་པར་རང་སྲོག་བློས་བཏང་བྱས་པ་དེ་འཚེ་མེད་ཞི་བའི་ལས་འགུལ་ཞིག་རེད་ཅེས་བཀའ་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org