ཨ་རིའི་ཕྱི་སྲིད་དྲུང་ཆེ་ལ་བོད་དོན་གླེང་དགོས་བའི་འབོད་སྐུལ།

བོད་ཀྱི་གནད་དོན་ནི་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་སྐོར་གསལ་སྟོན་གནང་།

༧གོང་ས་མཆོག་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་Kerryམཇལ་འཕྲད་ཞིག་གི་སྐབས། པར་ཚགས།

བོད་ཀྱི་གནད་དོན་ནི་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་སྐོར་གསལ་སྟོན་གནང་།
དེ་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཨ་མེ་རི་ཀ་དང་རྒྱ་ནག་གཉིས་དབར་དཔལ་འབྱོར་དང་ཐབས་ཇུས་སྐོར་བཀའ་བསྡུར་གནང་སྐབས་ཨ་རིའི་ཕྱི་སྲིད་དྲུང་ཆེ་Kerryམཆོག་གིས་བོད་དོན་སྐོར་རྒྱ་མིའི་དཔོན་རིགས་ལྷན་དུ་ཡོངས་གྲགས་ཀྱི་སྒོ་ནས་གླེང་སློང་དགོས་པ་དྲ་རྒྱ་བརྒྱུད་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་སྙན་ཞུ་འབུལ་རྒྱུའི་ལས་འགུལ་ཞིག་སྤེལ་བཞིན་འདུག གོང་ཞུས་སྙན་ཞུའི་ནང་གསལ་དུ། འདི་ཟླའི་ཚེས་༢༣་དང་༢༤་ཉིན་གཉིས་རིང་ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་གིས་རྒྱ་ནག་གི་དཔོན་རིགས་Jiang Jiechiདང་སྲིད་བློན་གཞོན་པ་Wang Yangགཉིས་འདི་ག་ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་ནང་མཇལ་འཕྲད་གནང་སྟེ་ཨ་རི་དང་རྒྱ་ནག་གཉིས་དབར་ཐབས་ཇུས་དང་དཔལ་འབྱོར་སྐོར་གྲོས་མོལ་ཐེངས་མ་༧་པ་དེ་གནང་གི་ཡོད་རེད། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་དང་ཚུར་རྒོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་ནང་རང་ལུས་མེར་བསྲེགས་གནང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་ཚོའི་ཕ་མ་སྤུན་མཆེད་སོགས་འཛིན་བཟུང་བཀག་ཉར་སོགས་བྱེད་བཞིན་པའི་རྐྱེན་གྱིས་བོད་ནང་གི་གནས་སྟངས་ཛ་དྲག་པོར་གནས་ཡོད་སྟབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གོ་སྐབས་འདི་འཛིན་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་Kerryམཆོག་ནས་བོད་ཀྱི་གནད་དོན་དེ་བཞིན་གནད་དོན་མང་པོའི་ནང་ནས་གལ་ཆེ་དོན་ཆེ་ཨང་དང་པོར་རྩིས་གནང་སྟེ་རྒྱ་མིའི་དཔོན་རིགས་ལྷན་དུ་ཤུགས་དྲག་དང་ཡོངས་གྲགས་སུ་གླེང་སློང་གནང་ནས་བོད་ཀྱི་གནད་དོན་དེ་ནི་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་སྐོར་གསལ་སྟོན་གནང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org