རྒྱ་གར་གྱིས་འབྲོག་ལམ་ལྷོ་ཁུལ་དུ་དམག་སྣོན་གཏོང་འཆར།

རྒྱ་གར་གཞུང་གིས་བོད་དང་རྒྱ་གར་དང་འབྲུག་བཅས་རྒྱལ་ཁབ་གསུམ་དབར་གྱི་ས་མཚམས་སུ་དམག་སྣོན་གཏོང་འཆར་ཡོད་པ།

རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི། ཨེ་ཨེཕ་པི།

༄༅། །འདི་ལོའི་འགོ་སྟོད་འབྲོག་ལམ་ཁུལ་གྱི་ས་མཚམས་ཀྱི་རྩོད་གཞིའི་ཐོག་རྒྱ་དཀར་ནག་གཉིས་དབར་ཕན་ཚུན་མིག་རྩ་དམར་པོ་བྱས་ནས་འཁོན་རྩོད་བྱུང་བའི་དོན་རྐྱེན་དེའི་རིགས་བསྐྱར་དུ་མི་ཡོང་བའི་དོན་དུ་བོད་དང་རྒྱ་གར། འབྲུག་བཅས་རྒྱལ་ཁབ་གསུམ་དབར་གྱི་ས་མཚམས་འཁེལ་སའི་འབྲས་ལྗོངས་ཁུལ་འབྲུག་དང་བལ་ཡུལ་གཉིས་དབར་གྱི་ས་མཚམས་སྲུང་དམག་Sashastra Seema Bal གི་གྲངས་འབོར་མང་དུ་གཏོང་གི་ཡོད་འདུག།
SSB མཐའ་མཚམས་སྲུང་དམག་གི་དམག་སྤྱི་Rajni Kant Mishra ཡིས་The Times of India གསར་ཤོག་གི་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས།འབྲོག་ལམ་དེ་བཞིན་རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་ཡོད་སར་འཁེལ་གྱི་ཡོད་པར་བརྟེན་ང་ཚོའི་ཁྱབ་ཁོངས་ཆགས་ཀྱི་མེད་ནའང། རྒྱ་གར་དང་།  འབྲུག། བོད་བཅས་ཀྱི་ས་མཚམས་འཁེལ་སའི་འབྲོག་ལམ་གྱི་ལྷོ་ཕྱོགས་ཁུལ་ང་ཚོའི་དཔུང་དམག་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་ཅེས་དང་། SSB ས་མཚམས་སྲུང་དམག་གི་དམག་སྒར་འབྲས་ལྗོངས་ཁུལ་གྱི་Yukson ས་གནས་སུ་གསར་རྒྱག་གནང་རྒྱུ་དང་། ས་མཚམས་ས་སྲུང་འགག་སྒོ་གསར་པ་ཁག་ཅིག་སྒོ་འབྱེད་གནང་རྒྱུ་ཡིན་ཞེས་འབྲེལ་ཡོད་དམག་སྤྱི་Rajni Kant Mishra ཡིས་གསུངས་བཞག། དེ་བཞིན་དམག་སྤྱི་Rajni Kant Mishra ཡིས། བལ་ཡུལ་དང་འབྲུག་གི་ས་མཚམས་ཁུལ་ད་ལྟ་ཡོད་བཞིན་པའི་ས་སྲུང་འགག་སྒོ་༦༣༥ཡོད་བཞིན་པའི་ཐོག་འགག་སྒོ་༧༣༤བར་སྤར་ཆ་བྱ་རྒྱུའི་བཀའ་ཁྲོལ་ཐོབ་ཟིན་པའི་སྐོར་འགྲེལ་བརྗོད་གནང་འདུག།   
གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org