༧གོང་ས་མཆོག་དབྱིན་ཡུལ་དུ་བཀའ་སློབ་གསུང་བཤད་གནང་རྒྱུ།

༧གོང་ས་མཆོག་དབྱིན་ཡུལ་དུ་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་སྒོ་གཙོ་སྐྱོང་གནང་མཁན་སྐུ་ཞབས་རཱ་སེལ་སྦེརེནདྲ་ཀྱིས་གནང་རྒྱུ།

༄༅༎དགུང་གྲངས་༧༦་ལ་ཕེབས་པའི་བོད་མིའི་དབུ་ཁྲིད་བླ་ན་མ་མཆིས་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་གྱི་མེན་ཆེསི་ཀྲར་ཞེས་པའི་གྲོང་ཁྱེར་དེའི་ཁུལ་གཞོན་སྐྱེས་སྟོང་ཚོ་བརྒལ་བར་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་སྒོ་ཞིག་གཟའ་འཁོར་རྗེས་མའི་ནང་གནང་རྒྱུ་ཡིན་པ་དེའི་སར་མཛད་སྒོ་གཙོ་སྐྱོང་གནང་མཁན་བགོད་བྲོའི་གློག་བརྙན་འཁྲབ་སྟོན་མཁན་དང།བོད་རང་དབང་ཞེས་པའི་རླུང་འཕྲིན་སོགས་ཀྱི་ནང་གཟིགས་འབུལ་གནང་མཁན་དང་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་རཱ་སེལ་སྦེ་རེནདྲ་ཡིས་མཛད་སྒོ་གཙོི་སྐྱོང་གནང་གི་ཡོད་པ་རེད།

ཐེངས་དེའི་༧གོང་ས་མཆོག་གིས་གཞོན་སྐྱེས་ཚོར་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་སྒོ་དེ་སྤྱི་ཟླ་༦་ཚེས་༡༦་ཉིན་དབུ་ཚུགས་གནང་གི་ཡོད་པ་དང་དེའི་གཞོན་སྐྱེས་ལོ་ན་༢༥་མན་ཆད་ཚང་མར་རིན་མེད་ཀྱིས་ཚོགས་བཞུགས་གནང་ཆོག་པའི་མཛད་སྒོ་དེའི་སར།ལོ་ངོ་བརྒྱ་ཕྲག་ཟིན་པའི་འགྲིག་འཇགས་བཀའ་བསྡུར་དེ། མུ་མཐུད་དེ་འགྱུར་བགྲོས་ཀྱི་གནས་སུ་འགྲོ་བའི་སྐོར་དང་གཞོན་སྐྱེས་ཚོས་འཛམ་གླིང་འདིའི་ནང་ཞི་བདེ་བསྐྲུན་ཐབས་སུ་དོན་སྙིང་ལྡན་པའི་མི་ཚེ་ཞིག་སྐྱེལ་དགོས་པའི་སྐོར་བཀའ་སློབ་གཙོ་བོར་གནང་འཆར་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org