འདི་ལོ་འཛམ་གླིང་དུ་གསར་འགོད་པ་༦༦་རྐྱེན་འདས།

༢-༠༡༡ལོར་རྒྱལ་སྤྱིའི་ཡུལ་ཁག་ནང་གསར་འགོད་པ་གྲངས་༦༦རྐྱེན་ལམ་དུ་བཏང་བ་དང་༡༠༠༠ལྷག་འཛིན་བཟུང་བཙོན་བཅུག་བྱས་འདུག

༄༅༎༢-༠༡༡ལོར་དཀྱིལ་ཤར་ཡུལ་གྲུ་སི་རི་ཡ་དང་ ཨབ་རི་ཀའི་ ལིབ་ཡ་ དང་ ཨི་ཇིབཏ་གཙོ་བོར་འགྱུར་བའི་རྒྱལ་སྤྱིའི་ཡུལ་ཁག་ནང་ གསར་འགོད་པ་གྲངས་༦༦རྐྱེན་ལམ་དུ་བཏང་བ་དང་ གཞན་གསར་འགོད་པ་༡༠༠༠ལྷག་འཛིན་བཟུང་བཙོན་བཅུག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་༎
དེ་ཡང་རེས་གཟའ་ཕུར་བུའི་ཉིན་ Reporter without border་འམ་མཐའ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ ༢༠༡༡ལོ་རྗོགས་ལ་ཉེ་བའི་སྐབས་དང་བསྟུན་ ལོ་འདིའི་ནང་རྒྱལ་སྤྱིའི་ཐོག་གསར་འགོད་པའི་གསར་འགྱུར་བཀོད་སྤེལ་དང་གནས་ཚུལ་མཁོ་སྒྲུབ་བྱེད་སྐབས་ བདེ་འཇགས་ཀྱི་ཐད་ནས་ཉེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་གྲངས་བཅུ་ཡི་ཐོ་གཞུང་སྙན་ཐོ་འགྲེམས་སྤེལ་གནང་བཞག་  མཐའ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་སྙན་ཐོ་ལྟར་ན་ ༢༠༡༡ལོར་དཀྱིལ་ཤར་དང་ཨབ་རི་ཀའི་ཁ་ཆེའི་ཡུལ་ཁག་ནང་  མང་ཚོགས་ཀྱི་ཞི་རྒོལ་རྒྱ་ཁྱབ་བྱུང་བའི་ཤུགས་རྐྱེན་འོག་ ཏུ་ནི་ཤི་ཡ་དང་ ཨི་ཇིབཏ། ལིབ་ཡ་བཅས་པའི་ནང་སྲིད་དབང་གཅིག་སྡུད་ཀྱི་གཞུང་འཕོ་འགྱུར་བྱུང་བ་དང་ ཆབས་ཅིག་ཟང་ཟིང་གི་གནས་སྟངས་འོག་ས་ཁུལ་དེ་ཚོའི་ནང་གསར་འགོད་པ་འཛིན་བཟུང་བཙོན་འཇུག་བྱས་པའི་གྲངས་འབོར་དེ་སྔ་ལོ་ལས་རྒྱ་ཆ་༡༦གི་འཕར་སྣོན་སོང་ཡོད་པ་རེད་ དེ་དང་དེ་བཞིན་རྒྱལ་སྤྱིའི་ཐོག་དཔལ་འབྱོར་ཉམས་ཉེས་རྐྱེན་པས་གིརི་སི་དང་ ཡུ་གན་ཌ། ཆི་ལེ། སྦེ་ལ་རུསི་ ཨ་རི་བཅས་པའི་ནང་ཁྲོམ་གཞུང་ཐོག་མང་ཚོགས་ཀྱི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་བསྟུད་མར་ཐོན་བཞིན་པའི་གནས་ཚུལ་བཀོད་སྤེལ་བྱེད་པའི་ནང་ གསར་འགོད་པ་ཁྱོན་༡༠༤༤ཙམ་འཛིན་བཟུང་བཙོན་འཇུག་བྱས་ཏེ་ སྔོ་ལོ་ལས་ལྡབ་གཅིག་འཕར་་ཡོད་པ་རེད་ ཡང་གསར་འགྱུར་མཁོ་གྲུབ་ཀྱི་ལས་དོན་ནང་ གསར་འགོད་པ་འདས་གྲོངས་སུ་གྱུར་བའི་ནང་ གསར་པ་༢༠ཙམ་དཀྱིལ་ཤར་ཡུལ་གྲུའི་ནང་རྐྱེན་ལམ་དུ་བཏང་ཡོད་པ་དང་ གཞན་གསར་འགོད་པ་༢༠ཙམ་དབུས་ཨ་མི་རི་ཀའི་ནང་རྐྱེན་འདས་སུ་སོང་ཡོད་པ་རེད་ དམིགས་ཀར་རྒྱལ་སྤྱིའི་ཐོག་ གསར་འགོད་པའི་བདེ་འཇགས་ཀྱི་ཐད་ནས་ ཆེས་ཉེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་པ་ཀི་སི་ཏན་ཡིན་འདུག་ལ་ ༢༠༡༡གཅིག་པུར་ ཡུལ་དེའི་ནང་གསར་འགོད་པ་༡༠རྐྱེན་ལམ་དུ་བཏང་ཡོད་འདུག་ལ་ གཞན་བདེ་འཇགས་ཀྱི་ཆ་ནས་གསར་འགོད་པར་ཉེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ནང་ རྒྱ་ནག་དང་ཨི་རན། ཨི་རི་ཀྲི་ཡ་བཅས་གཙོ་བོའི་གྲས་སུ་ཡོད་པར་གསལ་འདོན་གནང་བཞག་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org