དགེ་འདུན་པའི་མཛད་ཕྱོགས།
དུས་རབས་དང་མཐུན་པར་དགེ་འདུན་པའི་མཛད་ཕྱོགས་ཞེས་པའི་མཁས་པའི་བགྲོ་གླེང་ཞིག་ཚོགས་གནང་འདུག
-
2013-06-14 -
-
-
༄༅། །ཕྱི་ཚེས་༡༢དང་༡༣བཅས་ཉིན་གྲངས་གཉིས་ཀྱི་རིང་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱེད་པའི་སེར་བྱེས་མཁས་སྙན་གྲྭ་ཚང་གི་གོ་སྒྲིག་འོག དུས་རབས་དང་མཐུན་པར་དགེ་འདུན་པའི་མཛད་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཞིག་སྐོང་ཚོགས་གནང་ཡོད་པ་རེད། སྐབས་དེར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་དང་འབྲེལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་མཐར་ཐུག་གང་ཡིན་པ་དང་། ཤེས་ཡོན་གྱི་ཐོག་ནས་ཕྱི་ནང་ཀུན་ལ་འགྲེལ་བཤད་བྱེད་དགོས་གལ་ཆེ་བ་ཡིན་པའི་སྐོར་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད། དེ་བཞིན་བགྲོ་གླེང་ལྷན་ཚོགས་དེའི་ཐོག་ཕེབས་པའི་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་དགོན་སྡེའི་ངོས་ནས་རྒྱ་གར་དང་བོད་པའི་མཐོ་སློབ་ཁག་གི་དབར་འབྲེལ་བ་བྱེ་རྒྱུ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་འབྲེལ་བ་མཉམ་གནས་བྱེད་དགོས་པའི་གལ་ཆེའི་རང་བཞིན་སྐོར་བཀའ་གནང་ཡོད་པ་རེད། །