སྤྲུལ་སྐུ་བསྟན་འཛིན་བདེ་ལེཊ་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟཊ།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པར་རྗེས་དྲན་དང་འབྲེལ་ཁོང་གི་སྙིང་སྟོབས་གཟེངས་རྟགས་ཆབ་སྲིད་བཙོན་པ་ཡེ་ཤེས་ཆོས་སྒྲོན་ལགས་སུ་ཕུལ་བ།
-
2016-07-13 -
-
-
Your browser doesn’t support HTML5 audio
བཞུགས་སྒར་རྡ་རམ་ས་ལར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པར་རྗེས་དྲན་དང་འབྲེལ་ཁོང་གི་སྙིང་སྟོབས་གཟེངས་རྟགས་ཆབ་སྲིད་བཙོན་པ་ཡེ་ཤེས་ཆོས་སྒྲོན་ལགས་སུ་ཕུལ་ཡོད་འདུག
དེ་ཡང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་ནང་སྐུ་གཤེགས་ནས་ལོ་ངོ་གཅིག་འཁོར་བའི་ཉིན་མོ་དང་བསྟུན། རྒྱལ་སྤྱིའི་བོད་དོན་འབྲེལ་འཐུད་ཁང་དང་། བོད་ཀྱི་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱི་གོ་བསྒྲིགས་འོག ཕྱི་ཚེས་༡༢་ཉིན་གྱི་སྔ་དྲོ་རྡ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་རྗེས་དྲན་ཆེད་བོད་ཀྱི་དཔའ་བོ་དཔའ་མོའི་ཉིན་མོ་ཞེས་པའི་ལྷན་ཚོགས་ཤིག་ཚོགས་ཡོད་པ་རེད།
ལྷན་ཚོགས་ཐོག་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུས་ཡོད་པ་མ་ཟད། ད་ལྟ་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་བོད་ཀྱི་བེུད་ཆབ་སྲིད་བཙོན་པ་ཡེ་ཤེས་ཆོས་སྒྲོན་ལགས་སུ་ཕྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྙིང་སྟོབས་གཟེངས་རྟགས་ཞེས་པ་ཕུལ་ཏེ་བོད་ཀྱི་བེུད་ལྷན་ཚོགས་ནས་ཁོང་གི་ཚབ་ཞུས་ནས་གཟེངས་རྟགས་བཞེས་ཡོད་འདུག དེ་དང་ཕྱོགས་མཚུངས་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཞབས་ཞུའི་ཚོགས་པའི་ངོས་ནས་རིན་པོ་ཆེ་དམ་པས་ཤེས་ཡོན་སློབ་གསོ་གོང་འཕེལ་གཏོང་བར་སྐུ་ངལ་ཆེན་པོ་བསྐྱོན་ཡོད་པར་རྗེས་དྲན་ཞུ་ཆེད་ད་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བརྒྱ་ཆ་མཐོ་ཤོས་ལེན་མཁན་སི་ལྭ་ཀུལ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་མཚོ་མོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྗེས་དྲན་གྱི་སློབ་ཡོན་ཞེས་པའི་ལག་ཁྱེར་དང་། ཧིན་སྒོར་ཁྲི་༡་གི་བྱ་དགའ་གནང་ཡོད་པ་འདུག་ཅིང་། དེ་བཞིན་རིན་པོ་མཆོག་གི་མཚན་ཐོག་ནས་རྗེས་དྲན་གྱི་ཐུགས་གསོ་གསོལ་རས་དགུང་ལོ་༡༠༠ར་ཕེབས་པའི་བེལ་ཀོབ་གཞིས་ཆགས་སུ་གནས་སྡོད་རྒན་མོ་ཞིག་ལ་བསྩལ་ཡོད་འདུག
དེ་དང་འབྲེལ་ཕྱི་ལོ་༡༩༥༠་ནས་༢༠༡༥་བར་གྱི་རིན་པོ་ཆེ་མཆོག་གི་གསུང་བཤད་སྒྲ་ཕབ་རྣམས་དབྱིན་བསྒྱུར་བྱས་པའི་དེབ་གཉིས་དང་། དེ་བཞིན་རིན་པོ་ཆེ་མཆོག་རྗེས་དྲན་གྱི་འོད་སྡེར་ཞིག་བཅས་སྐུ་མགྲོན་གཙོ་བོས་དབུ་འབྱེད་གནང་བ་དང་། མཛད་སྒོའི་མཇུག་ཏུ་རིན་པོ་ཆེ་མཆོག་སྐུ་གཤེགས་ཚུལ་དང་འབྲེལ་བའི་གློག་བརྙན་ཕྱོགས་བསྒྲིགས་ཤིག་གཟིགས་འབུལ་ཞུས་ཡོད་འདུག
རྗེས་དྲན་གྱི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅྭ་རྱ་ཡེ་ཤེས་ཕུན་ཚོཊ་ལགས་ཀྱིས་དབུས་སྤྱི་མཐུས་ཁག་ཅིག་དང་། རྡ་ས་ས་གནས་འགོ་འཛིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིན་གཙོས་ཚོགས་མི་ཁག་ཅིག། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པའི་རྒྱུན་ལས་དང་ཁོང་གི་སློབ་མ་བཅས་མི་གྲངས་༡༠༠ཙམ་ཞིག་འཛོམས་ཡོད་འདུག
གསར་འགོད་པ་འཆི་མེད།