༸གོང་ས་མཆོག་གི་གསུང་གླེང་སྐོར་གྱི་གསལ་བཤད།

༸གོང་ས་མཆོག་གིས་བཀའ་སློབ་བསྩལ་གནང་བ་ཁག་ལ་ཕྱི་ཕྱོགས་ནས་གོ་ནོར་ཐེབས་ཡོད་པར་སྐུ་སྒེར་ཡིག་ཚང་ནས་གསལ་བཤད་གནང་འདུག

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ཉི་ཤུ་ལྔའི་ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་བཞི་ཅུ་ཞེ་བརྒྱད་འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཉིན་མོར་བཀའ་སློབ་བསྩལ་གནང་བ་ཁག་ལ་ཕྱི་ཕྱོགས་ནས་གོ་ནོར་ཐེབས་ཡོད་པའི་སྐོར་དེ་རིང་སྐུ་སྒེར་ཡིག་ཚང་ནས་བསྐྱར་དུ་གསལ་བཤད་གནང་ཡོད་པ་རེད།

གོང་ཞུས་སྐུ་སྒེར་ཡིག་ཚང་གི་གསལ་བཤད་དེའི་ནང་༸གོང་ས་མཆོག་གིས་རྒྱ་བོད་གཉིས་ཕན་གྱི་དབུ་མའི་ཐབས་ལམ་ཞིག་ལོ་མང་རིང་བསྩལ་གནང་ཡོད་པ་དང་དེའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་དང་གཞུང་ཁག་ཅིག་ནས་རྒྱབ་སྐྱོར་དང་རྗེས་སུ་ཡིད་རང་གནང་ཡོད་པ་མ་ཟད་དེ་ལས་ཀྱང་གལ་འགངས་ཆེ་བ་ཞིག་ལ་རྒྱ་རིགས་ཤེས་ཡོན་ཅན་མི་ཉུང་བ་ཞིག་གིས་རྒྱབ་སྐྱོར་ཡང་ཐོབ་གནང་ཡོད་པ་རེད།

འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ་ད་ཡོད་རྒྱ་ནག་གི་དཔོན་རིགས་ནས་ད་བར་བཟང་ཕྱོགས་ཀྱི་རྣམ་འགྱུར་གང་ཡང་བཏོན་གྱི་མེད་པ་མ་ཟད་བོད་ཀྱི་གནད་དོན་དེ་བཞིན་དངོས་ཡོད་གནས་ལུགས་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱ་རྒྱུ་ཡིས་འདུན་པ་མེད་པ་འདྲ་པོ་མཐོང་གི་ཡོད་པ་ནི་འདི་ལོ་ཕྱི་ཟླ་གསུམ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་བའི་བོད་ཆོལ་གསུམ་ཡོངས་སུ་བོད་མི་ཚོས་གཞི་རྒྱ་ཆེ་བའི་ཞི་བའི་རྔམ་སྟོན་ཁྲོམ་བསྐོར་གྱི་ལས་འགུལ་སྤེལ་ཡོད་པ་དེ་ཡིས་རྒྱ་ནག་གི་བཙན་གནོན་འོག་མི་ལོ་བཅུ་ཕྲག་ལྔ་ཙམ་ནང་བོད་མི་ཚོས་སེམས་གཏིང་གི་བློ་འདོད་མི་ཁེངས་བ་དང་འཁོན་འཛིན་ཁག་གསལ་སྟོན་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་༸གོང་ས་མཆོག་གི་ཇུས་བཀོད་བྱས་པ་ཞིག་ཡིན་པ་རེད་ཅེས་མ་ཉེས་ཁ་གཡོག་བྱས་པ་སོགས་བོད་ནང་གི་གནས་སྟངས་ཇི་སྡུག་ཏུ་འགྲོ་བཞིན་ཡོད་པས་༸གོང་ས་མཆོག་གི་འགན་ཆེན་པོ་དེ་བཟོད་མི་ཐུབ་པ་ཞིག་རེད་ཅེས་གསུང་གླེང་གནང་དོན་གསལ་བཤད་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org