སྦེལ་ཇམ་ནང་སྤེལ་བའི་སྐྱབས་བཅོལ་བའི་གོམ་བགྲོད་ནང་བོད་མི་མཉམ་ཞུགས་གནང་འདུག
ཧྥི་ལེན་ཌར་སྐྱབས་བཅོལ་བའི་གོམ་བགྲོད་ལས་འགུལ་ཞེས་བའི་ཚོགས་པས་གོ་སྒྲིག་བྱེད་བཞིན་པའི་ད་ལོའི་སྐྱབས་བཅོལ་བའི་གོམ་བགྲོད་ནང་བོད་མི་ཁག་ཅིག་མཉམ་ཞུགས་གནང་འདུག
- 2022-09-29
-
-
-
ཧྥི་ལེན་ཌར་སྐྱབས་བཅོལ་བའི་གོམ་བགྲོད་ལས་འགུལ་ཞེས་བའི་ཚོགས་པས་གོ་སྒྲིག་བྱེད་བཞིན་པའི་ད་ལོའི་སྐྱབས་བཅོལ་བའི་གོམ་བགྲོད་ནང་བོད་མི་ཁག་ཅིག་མཉམ་ཞུགས་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥི་ལེན་ཌར་སྐྱབས་བཅོལ་བའི་གོམ་བགྲོད་(Refugeework Flanders)་ཞེས་བའི་ཚོགས་པས་གོ་སྒྲིག་བྱེད་བཞིན་པའི་ད་ལོའི་སྐྱབས་བཅོལ་བའི་གོམ་བགྲོད་ནང་རུ་ཁག་༢༨༠ནས་མི་གྲངས་༡༥༨༣མཉམ་ཞུགས་བྱས་ཡོད་པའི་ལས་འགུལ་དེའི་ཐོག་བོད་མི་ཁག་ཅིག་མཉམ་ཞུགས་གནང་ཡོད་པ་དང་། དེ་ནི་སྐྱབས་བཅོལ་བའི་གོམ་བགྲོད་ལས་འགུལ་དེའི་ནང་སྦེལ་ཇམ་དུ་གནས་སྡོད་བོད་མི་མཉམ་ཞུགས་གནང་བ་ཐོག་པ་དེ་ཡིན་པ་རེད། ཁོང་ཚོས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་སྐྱབས་བཅོལ་བ་ཚོར་གདུང་སེམས་མཉམ་སྐྱེས་བྱས་ཡོད་པ་མ་ཟད། ད་དུང་ལས་འགུལ་དེའི་ནང་རླུང་རྟ་ཚོགས་པའི་ཚོགས་གཙོ་(Han Vandenabeel)་ཡང་མཉམ་ཞུགས་གནང་འདུག དེའི་ཐད་སྦེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བོད་མིའི་རུ་ཁག་ལ་བསྔགས་བརྗོད་ཀྱི་འཕྲིན་ཡིག་གནང་ནས། སྐྱབས་བཅོལ་བའི་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་གནང་མཁན་དང་དེའི་སྣེ་ཁྲིད་པ་རླུང་རྟ་ཚོགས་པ། སྦེལ་ཇམ་གྱི་བོད་མི་ཚོས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
ཧྥི་ལན་ཌར་སྐྱབས་བཅོལ་བའི་གོམ་བགྲོད་ལས་འགུལ་དེས་དམག་གི་དྲག་གནོན་དང་སྡུག་རྩུབ་མནར་གཅོད་ལས་བྲོས་བྱོལ་དུ་འབྱོར་མཁན་སྐྱབས་བཅོལ་བ་རྣམས་ལ་རོགས་རམ་གནང་གི་ཡོད་པ་ལྟར། ཐེངས་འདིའི་གོམ་བགྲོད་ནང་ཡོ་སྒོར་ཁྲི་སུམ་ཅུ་ལྷག་གི་ཞལ་འདེབས་རག་ཡོད་པ་གོང་བརྗོད་ལས་འགུལ་གོ་སྒྲིག་ཚོགས་པས་གསལ་སྟོན་བྱས་འདུག
གསར་འགོད་པ། ཕྲ་རིང་བསྟན་ནོར།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།