འབར་མའི་ནང་སླར་ཡང་ནང་འཁྲུག

འབར་མའི་ནུབ་ཕྱོགས་མངའ་ཁུལ་དུ་ རཧ་ཡན་ ནང་ཁ་ཆེའི་མི་རིགས་དང་ནང་པའི་དབར་ཉེ་འཆར་དྲག་འཛིང་ཤུགས་ཆེ་བྱུང་ནས་མི་༥༦འདས་གྲོངས་དང་། མི་མང་༢༠༠༠ཙམ་གྱི་སྡོད་ཁང་མེད་པ་ཆགས་འདུག

༄༅།    །ཆོས་ལུགས་འདྲ་མིན་གཉིས་ཀྱི་རྗེས་འབྲང་པའི་འཐབ་རྩོད་དེ་ཡུལ་གྱི་གྲོང་སྡེ་ཁག་འགའ་ཤས་ནང་ཁྱབ་བདལ་དུ་ཕྱིན་ཡོད་པ་དང་།    འབར་མའི་སྲུང་སྐྱོབ་ཀྱི་དཔོན་རིགས་རྣམས་ཀྱིས་དེ་དག་ཞི་འཇམ་ཡོང་རྒྱུར་འབད་བརྩོན་གནང་བཞིན་ཡོད་པ་རེད།    འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་འབར་མའི་Rakhine མངའ་སྡེའི་ནང་ཞི་འཇམ་ཡོང་རྒྱུར་འབོད་བསྐུལ་གནང་ཡོད་ཅིང་།    ཡུལ་དེའི་ནང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་ཐོག་གཏན་སྡོད་དང་འབྲེལ་མཐུད་ཀྱི་འགན་འཁུར་གནང་མཁན་སྐུ་ཞབས་  Ashok Nigam  གྱིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་།    འབར་མའི་  Rakhine  མངའ་སྡེའི་ས་ཁུལ་ཁག་ཅིག་ནང་ཁ་ཆེ་དང་ནང་པའི་དབར་འཁོན་འཁྲུགས་དེ་སྐྱར་ལངས་བྱུང་ནས་སྲོག་སྐྱོན་དང་བུད་མེད་ཕྲུ་གུ་ཚུད་པའི་མི་གྲངས་སྟོང་ཕྲག་མང་པོ་རང་གི་ནང་ཁྱིམ་ནས་བྲོས་བྱོལ་དུ་འགྲོ་དགོས་ཆགས་པར་ཐུགས་འཚབ་ཤུགས་ཆེ་ཡོད་ཅེས་གསུངས་ཡོད་པ་རེད།           འབར་མའི་  Rakhine མངའ་སྡེའི་ནང་བསྐྱོད་རྒྱུར་དམ་བསྒྲགས་ཡོད་པས་མ་ཟད།    མངའ་སྡེ་དེ་ནས་ཐོན་པའི་གསར་འགྱུར་ཁག་དག་ཐེར་བྱེད་རྒྱུ་དཀའ་ངལ་ཡོད་ཀྱང་།    རེས་གཟའ་ཉི་མའི་ཉིན་དྲག་འཛིང་སྐྱར་ལངས་བྱུང་བ་ནས་བཟུང་ད་བར་མི་གྲངས་༥༦གི་ཚེ་སྲོག་ཤོར་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org