མི་སེར་གཉིས་ཀྱི་སྲོག་སྐྱོབ་པའི་དུས་ཚོད་ཐུང་དྲག་པ་ངོས་ལེན་གནང་བ།

འཇིགས་སྐུལ་དྲག་སྤྱོད་པའི་ལག་གི་ཉི་ཧོང་གི་མི་སེར་གཉིས་སྐྱོབ་ཐབས་གནང་རྒྱུར་དུས་ཚོད་ཐུང་ཐུང་ལས་མེད་པ་སྲིད་བློན་གྱི་གསུངས་འདུག

འཇིགས་སྐུལ་དྲག་སྤྱོད་པའི་ལག་གི་ཉི་ཧོང་གི་མི་སེར་གཉིས། ༢༠༡༤།༡།༢༠ དྲ་བཤུས

འཇིགས་སྐུལ་དྲག་སྤྱོད་པའི་ལག་གི་ཉི་ཧོང་གི་མི་སེར་གཉིས་སྐྱོབ་ཐབས་གནང་རྒྱུར་དུས་ཚོད་ཐུང་ཐུང་ལས་མེད་པ་སྲིད་བློན་གྱི་གསུངས་འདུག
དེ་ཡང་ISཞེས་འབོད་པའི་ཁ་ཆེའི་དྲག་སྤྱོད་ཚོགས་པས་བཙན་འཁྲིད་བྱས་པའི་ཉི་ཧོང་གི་གསར་འགོད་པ་Ken ji Gotoདང་། གཞན་ཡང་Haruna Kukawaགཉིས་ལ་ཨ་སྒོར་ས་ཡ་༢༠༠་ཆུ་ཚོད་༧༢་ནང་ཚུད་ལ་གཏའ་མར་སྤྲད་ན་མ་གཏོགས་ཁོང་གཉིས་དམར་གསོད་གཏོང་རྒྱུའི་ཞེད་སྣང་དངངས་སྐྲག་ཆེ་བའི་བརྙན་པར་ཞིག་རེས་གཟའ་མིག་དམར་ཉིན་ཕྱིར་བསྒྲགས་བྱས་ཡོད་པ་རེད། ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་ནས་འཇིགས་སྐུལ་དྲག་སྤྱོད་པ་ཚོར། ཉི་ཧོང་གིས་མགོ་བོ་དུས་ནམ་ཡང་སྒུར་རྒྱུ་མིན་སྐོར་གསུངས་པ་མ་ཟད། ཉི་ཧོང་གཞུང་ངོས་ནས་ཉི་ཧོང་གི་མི་སེར་དེ་གཉིས་གློད་བཀྲོལ་ཡོང་བའི་ཐབས་ཤེས་གང་ཡོད་གནང་རྒྱུ་ཡིན་རུང་། ད་ཆ་དུས་ཚོད་ཐུང་ཐུང་ལས་མེད་པ་ངོས་ལེན་གནང་འདུག་ལ་ཡང་ཁོང་གིས་ཉི་ཧོང་གཞུང་གིས་ཕྱི་འབྲེལ་གཙོས་པའི་ཐབས་ལམ་ཡོངས་རྫོགས་བརྒྱུད་ནས་ཉི་ཧོང་གི་མི་སེར་དེ་གཉིས་གློད་བཀྲོལ་ཡོང་བའི་ཐབས་ཤེས་བྱེད་དགོས་པའི་བཀའ་བཏང་ཟིན་སྐོར་ཡང་གསུངས་འདུག
ཉི་ཧོང་གི་སྲིད་བློན་མཆོག་དཀྱིལ་ཤར་ཡུལ་གྲུའི་ནང་འཚམས་འདྲི་གཟིགས་སྐོར་ལ་ཕེབས་པའི་སྐབས་སུ་གོང་ཞུས་ཞེད་སྣང་དངངས་ཚབ་ཆེ་བའི་བརྙན་པར་དེ་ཐོན་པར་ཁོང་ཉི་ཧོང་ལ་གང་མགྱོགས་ཕྱིར་ལོག་གནང་ཡོད་པ་དང་། ཁོང་དཀྱིལ་ཤར་ཡུལ་གྲུའི་ནང་གཟིགས་སྐོར་གནང་སྐབས་གོང་ཞུས་ཉི་ཧོང་གི་མི་སེར་གཉིས་ISཁ་ཆེའི་དྲག་སྤྱོད་པའི་ལག་ནས་གློད་བཀྲོལ་ཡོང་ཐབས་སུ་པེ་ལེས་ཀྲན་གྱི་འགོ་ཁྲིད་Mahmud Abbasམཆོག་དང་། Egyptཡི་སྲིད་འཛིན་Abdel Fattah al-Sisi་མཆོག ཇོར་གྲན་གྱི་རྒྱལ་པོ་Abdullahམཆོག དེ་བཞིན་Turkeyསྲིད་འཛིན་Erdoganརྣམས་ནས་ཕྱག་རོགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org