རྒྱ་ནག་གི་ས་ཁུལ་གཞན་ཞིག་ནང་ལ་ཡང་ངོ་རྒོལ་བྱས་ཡོད་འདུག

རྒྱ་ནག་གི་ཤར་ཕྱོགས་ས་ཁུལ་ནང་མི་དམངས་ཚོས་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས་མི་དམངས་དང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་འདུག

༄༅༎རྒྱ་ནག་གི་ཤར་ཕྱོགས་ས་ཁུལ་ནང་གི་གྱོན་ཆས་བཟོ་གྲའི་ཐོག་རྩེགས་བཞི་པའི་སྒེའུ་ཁུང་ནང་ནས་ལོ་ན་བཅུ་བཞི་ཡིན་པའི་བུ་ཞིག་མཆོངས་པ་དེ་ནི་རྒྱུ་མཚན་ག་རེའི་ཐོག་ནས་མཆོངས་པ་ཡིན་མིན་གནས་ཚུལ་རྩད་གཅོད་བྱ་དགོས་ཞེས་མི་དམངས་ཚོས་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས་མི་དམངས་དང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་ཡོད་པ་རེད།

དེ་རིང་ཧོང་ཀོང་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཚོགས་པས་གསུང་ན། བཟོ་གྲའི་སྒེའུ་ཁུང་ནང་ནས་མཆོངས་མཁན་གྱི་བུ་དེའི་ནང་མི་དང་གྲོང་གསེབ་པ་ཚོས་གྱོན་ཆས་བཟོ་གྲའི་ཐོག་ངོ་རྒོལ་གྱིས་རྡོ་གཞུས་པའི་རྗེས་ཁོང་ཚོར་བལྟ་མཁན་གྱི་མི་དམངས་འདུ་འཛོམས་ཆེ་རུ་འགྲོ་བཞིན་པ་འགོག་ཐབས་བྱས་པར་བརྟེན་ཉེན་རྟོག་པ་དང་མི་དམངས་བར་གདོང་ཐུབ་བྱུང་བ་ཡིན་ཞིང༌། བུ་དེའི་ནང་མི་ཚོའི་ངོས་ནས་ལོ་༡༤ ཡིན་པའི་བུ་དེ་ནང་ནས་བྲོས་ཕྱིན་པའི་རྗེས་བདེ་འཇགས་མི་སྣས་ཉེས་རྡུང་བཏང་བ་དང་འཇིགས་སྣང་འོག་སྒེའུ་ཁུང་ནས་མཆོངས་དགོས་པའི་རྐྱེན་རྩ་བྱུང་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་བུ་དེའི་རྐང་པ་ཆག་སྐྱོན་བྱུང་སྐོར་གནས་ཚུལ་ལས་བུ་དེ་གྱོན་ཆས་བཟོ་གྲ་དེའི་ནང་གང་འདྲ་ཟེར་སླེབས་ཡོད་མེད་སྐོར་གང་ཡང་བཤད་མེད་པ་རེད།

གོང་གསལ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གསུང་ན། རེས་གཟའ་ཕུར་བུའི་ཉིན་ཉེན་རྟོག་པ་དང་མི་དམངས་བར་དྲག་པོའི་གདོང་ཐུབ་བྱུང་བའི་དོན་རྐྱེན་ནང་གྲོང་གསེབ་ས་ཁུལ་ནས་འཕྲལ་སེལ་ལས་ཀ་བྱེད་དུ་ཡོང་བའི་ལས་མི་ཉུང་མཐར་༢༠ ཙམ་ལ་རྨས་སྐྱོན་ཕོག་པ་དང་མི་༡༠ འཛིན་བཟུང་བྱས་ཡོད་པ་མ་ཟད། ཉེན་རྟོག་པས་ཉེན་བརྡའི་གསལ་བསྒྲགས་ཤིག་བཏང་སྟེ་དྲག་པོའི་དོན་རྐྱེན་དེའི་ནང་ཐེ་ཇུས་ཡོད་པའི་མི་སྣ་ཚོས་རང་ཉིད་ངོས་ལེན་ཞུ་བར་ཡོང་དགོས་བཤད་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org