དཔལ་ལུང་གི་བོད་དང་ཁ་ཆེ་མི་རིགས་ཚོས་མཉམ་དུ་ཞུ་འབོད།
དཔལ་ལུང་གི་བོད་དང་ཁ་ཆེ་མི་རིགས་མཉམ་དུ་མི་རིགས་སློབ་གསོ་འདྲ་མཉམ་གྱི་ཁེ་དབང་དགོས་བའི་ཞུ་འབོད་ལས་འགུལ་སྤེལ་འདུག
-
2016-01-25 -
-
-
དཔལ་ལུང་གི་བོད་དང་ཁ་ཆེ་མི་རིགས་མཉམ་དུ་མི་རིགས་སློབ་གསོ་འདྲ་མཉམ་གྱི་ཁེ་དབང་དགོས་བའི་ཞུ་འབོད་ལས་འགུལ་སྤེལ་འདུག
དེའང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་འབྱོར་ལྟར་ན། འདི་ཚེས་༢༤ཉིན་རྒྱ་ནག་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ནང་གི་སྲིད་གཞུང་གི་སྒོ་ཁར། བོད་དང་ཁ་ཆེ་མི་རིགས་ཀྱིས་འཕྲེད་དར་འཕྱར་ནས་ཞུ་འབོད་ལས་འགུལ་སྤེལ་ཡོད་པ་དང་། འཕྲེད་དར་སྟེང་དུ་དཔའ་ལུང་རྫོང་གི་སློབ་གསོ་ལས་ཁུངས་ཀྱི་འགོ་ཁྲིད་མའ་ཁྲེན་ལུང་གིས་མི་རིགས་སློབ་གསོ་འཕེལ་རྒྱས་ལ་བཀའ་འགོག་བྱས་དོན་ལ་ངོ་རྒོལ་ཡོད་ཅེས་འཁོད་འདུག
གོང་གསལ་བོད་པ་དང་ཁ་ཆེ་བ་མང་པོ་འདུ་འཛོམས་ཐོག་མའ་ཁྲེན་ལུང་གིས་ས་གནས་ཀྱི་མི་རིགས་སློབ་གསོ་འཕེལ་རྒྱས་ལ་བཀག་འགོག་བཟོས་བས། ང་ཚོ་ལ་མི་རིགས་སློབ་གསོ་འདྲ་མཉམ་གྱི་ཁེ་དབང་དགོས་ཞེས་བོད་རྒྱ་གཉིས་ཀྱི་ཡེ་གེ་བྲིས་ཏེ་འཁྱེར་ཏེ་སྐད་འབོད་བྱས་ཡོད་པ་རེད་འདུག
སྐབས་དེར་དཔའ་ལུང་རྫོང་དུ་ཡོད་པའི་བོད་མི་ཞིག་གིས་བརྗོད་དོན། སྤྱིར་ན་དཔའ་ལུང་རྫོང་དུ་སྡེ་པ་རེ་རེ་ལ་མཚོིན་ནའང་མི་རིགས་ཀྱི་སྐད་ཡིག་ཉམས་རྒུད་ཚབས་ཆེ་འགྲོ་བཞིན་པ་ གསུང་འདུག
ཕྱོགས་མཚུངས་གོང་གསལ་གནས་ཚུལ་དེའི་སྐོར་ལ་བོད་ཀྱི་དུས་བབ་གསར་ཤོག་གིས། མའ་ཁྲེན་ལུང་གིས་དཔའ་ལུང་རྫོང་སློབ་གསོ་ལས་ཁུངས་ཀྱི་འགོ་ཁྲིད་བྱས་པ་ནས་བཟུང་། ལས་འཛོལ་སྒེར་གཉེར་གྱི་གནད་དོན་ཚབས་ཆེན་བྱུང་ཡོད་པ་དང་། གོང་རིམ་ནས་སྤྲད་པའི་གཏན་སྡོད་སློབ་མའི་ཁ་གསབ་རོགས་དངུལ་དང་། སྤྱི་སྤྱོད་འགྲོ་གྲོན་ནས་མུན་སེལ་སྣང་བྱིན་སློབ་གྲར་ཉུང་ཤས་ཤིག་ལས་བཏང་མེད་པ་སོགས་ས་གནས་སྒྲིག་ཁྲིམས་ཞིབ་བཤེར་ཁང་དུ་སྤྲད་པའི་ཞུ་གཏུག་ཡིེ་གེའི་ནང་བཀོད་ཡོད་པ་གནས་ཚུལ་ནང་འཁོད་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།