དམར་ཟས་སྤང་རྒྱུའི་སླད་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ།

བལ་ཡུལ་ནང་དུད་འགྲོ་སེམས་ཅན་སྲོག་གཅོད་དང་དམར་ཟས་སྤང་རྒྱུའི་སླད་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་འདུག

བལ་ཡུལ་ནང་དུད་འགྲོ་སེམས་ཅན་གྱི་སྲོག་གཅོད་དང་དམར་ཟོས་སྤངས་དགོས་བའི་སྐད་འབོད་རྔམ་སྟོན་ཁྲོམ་སྐོར་གྱི་གནས་ཚུལ། ཀུན་བཟང་བསྟན་འཛིན།

འདི་གའི་བལ་ཡུལ་གྱི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་བཏང་བ་ལྟར་ན།  དེ་རིང་ཕྱི་ཚེས་༡ཉིན་འཛམ་གླིང་དཀར་ཟས་ཉིན་མོ་དང་བསྟུན་ནས་བལ་ཡུལ་གྱི་རྒྱལ་ས་ Kathmandu ཀཊ་མཎ་ཌུའི་ཁྲོམ་གཞུང་དུ་བལ་ཡུལ་ནང་ཡོད་པའི་དཀར་ཟས་བསྟེན་མཁན་གྱི་ཚོགས་པ་དང་།  ཧི་མ་ལ་ཡའི་རི་རྒྱུད་མི་མང་སོགས་ཚོགས་པ་སྐྱིད་སྡུག་ཁག་ཅིག་གིས་སྣེ་ཁྲིད་འོག་དམར་ཟས་སྤངས་ནས་དཀར་ཟས་ལ་བསྟེན་དགོས་པའི་རྔམ་སྟོན་ཁྲོམ་སྐོར་ཞིག་བྱས་ཡོད་ཅིང་།  རྔམ་སྟོན་ཁྲོམ་སྐོར་གནང་མཁན་ཚོའི་དགོས་འདུན་གཙོ་བོ་ནི།  དུད་འགྲོ་སེམས་ཅན་རིགས་ཀྱི་ཤ་ཟ་བ་དང་།  ལྤགས་པའི་རིགས་བེད་སྤྱོད་བྱ་རྒྱུར་མཚམས་འཇོག་དགོས་པའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་དང་།  དེའི་སྐབས་ལས་འགུལ་སྤེལ་མཁན་པདྨ་རིག་འཛིན་ལགས་ཀྱིས་གསུངས་ན། རྔམ་སྟོན་ཁྲོམ་སྐོར་བ་ཚོས་རྒྱུན་དུ་ནས་དམར་ཟས་སྤང་མ་ཐུབ་ན་ཡང་དམར་ཟས་ཟ་རྒྱུ་ཉུང་དུ་གཏོང་རྒྱུ་དང་།    ལྷག་པར་དུ་སེམས་ཅན་གྱི་ལྤགས་པའི་རིགས་བེད་སྤྱོད་བྱ་རྒྱུ་མེད་པའི་འབོད་སྐུལ་གནང་ཡོད་པས་མ་ཟད།   བལ་ཡུལ་ནང་དམར་མཆོད་བྱེད་པའི་ལུགས་སྲོལ་དེར་འགྱུར་ལྡོག་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་འདུག

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org