ཆག་སྒོའི་གནས་ཚུལ་ཙམ་མིན་པར་བཟང་ཕྱོཊ་ཀྱི་གནས་ཚུལ་སྤེལ་དགོས།

༧གོང་ས་མཆོག་གིས་གསར་འགོད་པ་ཚོར་འཛམ་གླིང་གི་གནས་བབ་བཟང་དུ་གཏོང་རྒྱུར་ལས་འགན་ཧ་ཅང་གི་ཆེན་པོ་ཡོད་པ་གསུངས་འདུག

ཡོ་རོབ་Brussels་དུ་གསར་འགོད་པས་༧གོང་ས་མཆོག་ལ་བཀའ་འདྲི་ཞུས་བཞིན་པ། ༢༠༡༦།༩།༡༡ Olivier Adam

༧གོང་ས་མཆོག་གིས་གསར་འགོད་པ་ཚོར་འཛམ་གླིང་གི་གནས་བབ་བཟང་དུ་གཏོང་རྒྱུར་ལས་འགན་ཧ་ཅང་གི་ཆེན་པོ་ཡོད་པ་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༩་ཚེས་༡༣་ཉིན་ཧྥ་རན་སིའི་རྒྱལ་ས་པེ་རིསི་ནང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྐབས། གསར་འགོད་པ་ཚོར་འཛམ་གླིང་གི་གནས་བབ་བཟང་དུ་གཏོང་རྒྱུར་ལས་འགན་ཧ་ཅང་གི་ཆེན་པོ་ཡོད་པ་བཀའ་གནང་འདུག།
དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གསར་འགོད་པ་ཚོར་མིའི་གཞི་རྩའི་རིན་ཐང་ཡར་རྒྱས་གཏོང་རྒྱུ་དང་། ཆོས་ལུགས་མཐུན་སྒྲིལ་གོང་འཕེལ། བོད་དང་གོ་ལའི་ཁོར་ཡུག་ཐོག་གི་རླབས་ཆེན་གྱི་དགོངས་བཞེས་ཁག་གསལ་བཤད་གནང་གྲུབ་བསྟུན། གསར་འགོད་པ་ཚོར་འཛམ་གླིང་ནང་གི་ཆག་སྒོའི་གནས་ཚུལ་ཙམ་མིན་པར་བཟང་ཕྱོགས་ཀྱི་གནས་ཚུལ་ཁྱབ་སྤེལ་བྱ་རྒྱུར་འབད་བརྩོད་བྱེད་དགོས་པ་བཀའ་གནང་བ་དང་། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། གསར་འགོད་པ་ཚོས་འཛམ་གླིང་ནང་དྲག་སྤྱོད་བྱུང་བའི་གནས་ཚུལ་བཀོད་སྤེལ་བྱེད་སྐབས། ཁ་ཆེའི་དྲག་སྤྱོད་པ་དང་ནང་པའི་དྲག་པ་ཞེས་ཆོས་ལུགས་སྤྱིའི་མིང་གི་ཐོག་ནས་གནས་ཚུལ་བྲིས་སྤེལ་བྱེད་བཞིན་པ་དེ་ནི་ཤིན་ཏུ་མི་འོས་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།
ཡང་གསར་འགོད་པ་ཞིག་གིས། ཉེ་ཆར་ཧྥ་རན་སིའི་གསར་འགྱུར་ལས་ཁང་ཞིག་གིས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་ཞིག་བྱས་སྐབས། ཧྥ་རན་སིའི་མི་དམངས་བརྒྱ་ཆ་༨༦་གིས་ཧྥ་རན་སིའི་སྲིད་འཛིན་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུར་རྒྱབ་སྐྱོར་གྱི་བསམ་ཚུལ་སྤེལ་ཡོད་པ་དེའི་ཐོག་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྲིད་འཛིན་ལ་དམིགས་བསལ་ཞུ་རྒྱུའི་གནད་དོན་གང་ཡང་མེད་པས་ངེས་པར་དུ་སྲིད་འཛིན་མཇལ་འཕྲད་ཞུ་དགོས་པ་དགོངས་ཀྱི་མི་འདུག་ཅེས་བཀའ་ལན་གནང་འདུག།
ཚོུད་གཅིག་དང་སྐར་མ་བཅོ་ལྔའི་རིང་གི་གསར་འགོད་ལྷན་ཚོགས་གྲུབ་རྗེས། ཧྥ་རན་སིའི་རྒྱལ་ས་པེ་རི་སིའི་ཁྲིམས་རྩོད་པའི་མཐུན་ཚོགས་ནས་གོ་བསྒྲིགས་ཞུས་པའི་གོ་ལའི་ཀུན་ཁྱབ་འགན་འཁུར་དང་ཁོར་ཡུག། ཁྲིམས་བཅས་ཀྱི་བརྗོད་གཞིའི་ཐད་ཀྱི་བགྲོ་གླེང་གི་ཚོགས་མགོན་དུ་བཀའ་སློབ་དང་བཅར་འདྲིར་བཀའ་ལན་མཛད་རྒྱུ་དང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། མཛད་འཆར་འདི་གྲུབ་རྗེས་བོད་རིགས་ཚོར་མང་མཇལ་དང་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་རྒྱུ་ཡིན་འདུག།  

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org