རྒྱ་རིགས་ནས་༧གོང་ས་མཆོག་ལ་བརྟན་བཞུགས།

ཉིན་གྲངས་བཞིའི་རིང་གི་ཆོས་འབྲེལ་མཇུག་བསྒྲིལ་དང་བསྟུན།༸གོང་ས་མཆོག་ལ་རྒྱ་རིགས་ཆོས་ཞུ་བ་ཐུན་མོང་གིས་བྱང་གཏེར་ཚེ་སྒྲུབ་སྐུ་གསུམ་རིགས་འདུས་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་འདུག

༄༅། །འདི་རིང་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས་ཉིན་བཞི་པར་དད་ལྡན་ཆོས་ཞུ་བ་རྣམས་ལ་དགེ་བསྙེན་གྱི་སྡོམ་པ་འབོགས་འཇོག་དང་བྱང་ཆུབ་སེམས་བསྐྱེད། སྨན་བླའི་རྗེས་གནང་བཅས་གྲུབ་བསྟུན།    རྒྱ་རིགས་ཆོས་ཞུ་བ་ཐུན་མོང་གིས་སྔ་འགྱུར་རྙིང་མའི་དབུ་འཛིན་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བྱང་གཏེར་ཚེ་སྒྲུབ་སྐུ་གསུམ་རིགས་འདུས་ཀྱི་ཆོ་ག་དང་འབྲེལ་བླ་མ་དགོངས་འདུས་ལྟར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།


༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་བ་རྣམས་ལ། ནང་པ་ཙམ་མ་ཡིན་པར་ཆོས་ལུགས་གང་འདྲ་ཞིག་ལ་དད་པ་བྱས་རུང༌། དེ་ལུགས་སྲོལ་ལྟ་བུར་མ་རྩིས་པར། ཆོས་དེ་ལ་དོ་སྣང་དང་ལྷག་བསམ་རྣམ་བདག་བྱེད་དགོས་པའི་སྐོར་བཀའ་གནང་བ་དང༌། རྒྱ་མི་རིགས་ཚོ་ཕ་མེས་ནས་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་ཡིན་དུས། རང་མི་རིགས་ཀྱི་ཆོས་ལུགས་ལ་བདག་གཅེས་དང་སྲུང་སྐྱོབ་བྱ་གལ་ཆེ་བའི་བཀའ་སློབ་བསྩལ་གནང་མཛད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org