ཡེ་ཤུའི་བླ་ཆེན་མཆོག་གིས་གཞོན་སྐྱེས་ཚོར་བཀའ་སློབ་སྩལ་བ།

གཞོན་སྐྱེས་ཚོར་འགྲོ་བ་མིའི་རང་གཤིས་བཟང་ཏུ་འགྲོ་རྒྱུར་ཡིད་ཆེས་དང་རེ་བ་མུ་མཐུད་ནས་བྱེད་དགོས་ལུགས་བཀའ་སློབ་སྩལ་གནང་ཡོད་འདུག

གཞོན་སྐྱེས་ཚོར་འགྲོ་བ་མིའི་རང་གཤིས་བཟང་ཏུ་འགྲོ་རྒྱུར་ཡིད་ཆེས་དང་རེ་བ་མུ་མཐུད་ནས་བྱེད་དགོས་ལུགས་བཀའ་སློབ་སྩལ་གནང་ཡོད་འདུག ཨེ་ཨེཕ་པི།

༄༅༎ཡེ་ཤུའི་བླ་ཆེན་Pope Francisco མཆོག་གིས་པོ་ལེནདྲ་ནང་སྐོང་ཚོགས་གནང་བའི་འཛམ་གླིང་གཞོན་སྐྱེས་ཉི་མོ་ཞེས་ཡེ་ཤུའི་ཆོས་བྱེད་པ་སྟོང་ཕྲག་མང་པོའི་འདུ་འཛོམས་ཀྱིས་ཉིན་ཤས་རིང་སྲུང་བརྩི་ཞུས་ཡོད་པ་དང་། ད་རིང་ཉིན་མཐའ་མར་ཡེ་ཤུའི་བློན་ཆེན་མཆོག་གིས་གསུང་བཤད་གནང་བའི་ནང་། དཀོན་མཆོག་གིས་ང་ཚོར་ལས་ངན་པ་བསགས་མཁན་ཚོ་ལ་གདོང་ལེན་བྱེད་རྒྱུར་སེམས་ཤུགས་མ་ཆགས་པར་གདོང་ལེན་བྱས་ཏེ་རང་གི་དགྲྭ་ཡིན་ནའང་ཚུར་དགའ་དགོས་པ་ཞིག་བཟོ་ཐུབ་པ་བྱེད་དགོས་ཀྱི་རེད་ཅེས་གསུངས་ནས་ཚང་མས་བསམ་བློ་གུ་དྭོགས་པོས་ས་མཚམས་དང་མི་རིགས་ཀྱི་དབྱེ་འབྱེད་བྱེད་པའི་ཐོག་ནས་ཕན་ཚུན་ལྡང་སེམས་བཅང་རྒྱུ་མེད་ལུགས་གསུངས་པ་དང་ཆབས་ཅིག་དེང་སང་འཛམ་གླིང་ནང་ཟིང་ཆ་ཆེན་པོ་ཡོད་ཀྱང་། འགྲོ་བ་མིའི་རང་གཤིས་བཟང་དུ་འགྲོ་རྒྱུའི་རེ་བ་དང་ཡིད་ཆེས་བཅངས་པའི་ཐོག་ནས་འབད་བརྩོན་བྱེད་དགོས་ལུགས་ལམ་སྟོན་གནང་ཡོད་འདུག དེའི་གོང་ཡེ་ཤུའི་བླ་ཆེན་མཆོག་གིས་དེང་སང་རྒྱལ་ཁབ་འགའ་ཤས་ནས་སྐྱབས་བཅོལ་ལ་ཡོང་མཁན་ཚོར་རོགས་རམ་བྱེད་ཀྱི་མེད་པའི་བྱ་སྤྱོད་ལ་ཐུགས་འཚབ་ཡོད་ལུགས་གསུངས་ཡོད་པ་རེད་། ཡང་ད་རེས་བླ་ཆེན་མཆོག་གི་ཡེ་ཤུའི་ཆོས་བྱེད་པའི་གཞོན་སྐྱེས་ཉིན་མོ་ཞེས་པ་འདི་སྲུང་བརྩི་ཞུས་པའི་རིང་ཡེ་ཤུའི་ལྷ་ཁང་ཞིག་དང་། རྒས་གསོ་ཁང་ཞིག་ཏུ་འཚམས་གཟིགས་ཀྱང་གནང་ཡོད་འདུག གོང་དུ་ཞུས་པའི་འཛམ་གླིང་གཞོན་སྐྱེས་ཉིན་མོ་ཞེས་པ་འདི་བཞིན་ལོ་གསུམ་རེའི་མཚམས་སུ་རྒྱལ་ཁབ་འདྲ་མིན་ནང་སྐོང་ཚོགས་གནང་སྲོལ་ཡོད་པ་ཞིག་ཡིན་པ་དང་། རྗེས་མའི་དུས་སྟོན་འདི་བཞིན་ཕྱི་ལོ་ ༢༠༡༩ ལོར་པ་ན་མའི་ནང་ཚོགས་རྒྱུ་ཡིན་ལུགས་གསུངས་འདུག།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org