བོད་ནང་གི་གྱོད་གཞི་ཁག་ཉི་ཤུ་ཁྲིམས་ཞིབ་བྱས་ཡོད་ཟེར།

རྒྱ་ནག་གིས་འདས་པའི་སྤྱི་ལོ་༢༠༡༣ལོའི་ནང་བོད་ཁུལ་གྱི་གྱོད་གཞི་ཁག་༢༠ཙམ་ལ་ཁྲིམས་ཞིབ་བྱས་ཡོད་པ་བརྗོད་འདུག

བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་དམག་མིས་ལྟ་སྲུང་བྱེད་བཞིན་པ། འོད་ཟེར།

རྒྱ་ནག་གིས་འདས་པའི་སྤྱི་ལོ་༢༠༡༣ལོའི་ནང་བོད་ཁུལ་གྱི་གྱོད་གཞི་ཁག་༢༠ཙམ་ལ་ཁྲིམས་ཞིབ་བྱས་ཡོད་པ་བརྗོད་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་ཉིན་རེའི་གསར་ཤོག་ནང་གནས་ཚུལ་བཀོད་དོན། དེ་ནི་བོད་ནང་ལྷིང་འཇགས་མེད་པའི་རྟགས་མཚན་ཞིག་རེད། ཁྲིམས་དཔོན་བསོད་དར་ཞེས་བས་ཁྲིམས་གཏུགས་ཞིབ་གཤེར་བྱས་པའི་གྱོད་གཞི་རེ་རེ་བཞིན་མིང་དོན་གསལ་བཤད་མ་བྱས་པར་རང་བཙན་རྩོད་ལེན་བྱེད་མཁན་ཚོར་རྡུང་རྡེག་ཚ་ནན་ཕོག་ཡོད་ལུགས་འགྲེལ་བརྗོད་བྱས་བ་གསར་ཤོག་གིས་ལུང་འདྲེན་བྱས་འདུག དེ་བཞིན་ཁྲིམས་དཔོན་བསོད་དར་ཟེར་བས་རྒྱ་ནག་གཞུང་གིས་ལོ་འདིའི་ནང་དུའང་བོད་ཀྱི་དགོན་སྡེ་ཁག་ཐེ་པའི་བོད་ཁྱོན་ཡོངས་སུ་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་མཁན་ཚོའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱ་རྒྱུ་ཡིན་སྐོར་འགྲེལ་
བརྗོད་དང་འབྲེལ། ཁ་བྲལ་པ་ཚོ་ལས་སླ་བོ་ཐར་གྱི་མ་རེད་ཅེས་བཤད་འདུག
ཆབ་སྲིད་དང་འབྲེལ་བའི་གྱོད་གཞི་ཁག་གི་སྐོར་རྒྱ་ནག་གིས་གནས་ཚུལ་ཁ་གསལ་ཕྱིར་བསྒྲགས་བྱེད་སྲོལ་མེད་ནའང། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་བྱམས་ཆེན་གྱིས་བོད་ནང་གནས་སྟངས་ཚབས་ཆེན་ཡོད་ལུགས་བརྗོད་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་དེ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཁུལ་གྱི་འདོད་གཏམ་སྣ་ཚོགས་བཤད་ཀྱི་ཡོད་ནའང། རྒྱ་ནག་དམར་ཤོག་ཚོགས་པའི་དཔུང་དམག་གིས་༡༩༥༠ལོར་བོད་ནང་བཙན་འཛུལ་བྱས་ཡོད། ༢༠༠༨ལོར་བོད་ཁྱོན་ཡོངས་སུ་ཞི་རྒོལ་བྱུང་བ་ནས་བཟུང། བོད་མི་ཚོས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བསྟུད་མར་གནང་ཏེ། ད་བར་ཁྱོན་བོད་མི་༡༢༥ཙམ་གྱིས་
བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་གནང་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་རེད།
གསར་འགོད་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org