གླིང་ཚ་ཚེ་བརྟན་རྡོ་རྗེའི་ཆེད་སྙན་རྩོམ།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཆེ་རིང་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་ཚབ་ཞུས་ནས་ཁོང་ལ་བསྔགས་བརྗོད་གནང་འདུག

གར་སོང་ཆ་མེད་དུ་གྱུར་བའི་བོད་དོན་ཆེད་གོམ་བགྲོད་པའི་ཆེད་སྙན་རྩོམ་སྒྲོག་སྦྱང་གི་ལས་འགུལ་སྤེལ་བ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅༎འདི་ལོ་ཕྱི་ཟླ་དྲུག་པ་ནས་གར་སོང་ཆ་མེད་དུ་གྱུར་པའི་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་རྒྱབ་སྐྱོར་མཚོན་ཆེད་ སྙན་རྩོམ་སྒྲོག་སྦྱང་གི་ལས་འགུལ་ཞིག་སྤེལ་འདུག
དྷ་རམ་ས་ལར་གོ་སྒྲིག་ཞུས་པའི་འདུ་འཛོམས་དེར་ བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། བོད་ཀྱི་རྩོམ་བྲིས་ཚོགས་པའི་ཚོགས་གཙོ་ཆོས་གྲགས་ལགས་དང་། དོ་བདག་ཚེ་བརྟན་རྡོ་རྗེ་ལགས་ཀྱི་གཅུང་མོ་གླིང་ཚ་ལྷ་མོ་སྐྱིད་ལགས་མཉམ་ཞུགས་གནང་ཡོད་འདུག ཚོགས་གཙོ་མཆོག་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་དང་ནང་མི་ཚོས་བོད་མིའི་རང་དབང་འཐབ་རྩོད་ཆེད་ཁ་ཡོད་ལག་ཡོད་ཕྱག་ལས་དངོས་སུ་སྤེལ་མཁན་གྲས་ཤིག་ཡིན་པས་ ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་ཚབ་ཞུས་ནས་ཁོང་གི་ཕྱག་ལས་གནང་བར་བསྔགས་བརྗོད་དང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལྟ་བུ་བོད་མི་མང་དག་ཞིག་ཡོད་ན་ བོད་ཀྱི་འཐབ་རྩོད་ཀྱང་གསོན་པོར་གནས་ཀྱི་རེད་ཅེས་གསུངས་གནང་འདུག དེ་རྗེས་རྡ་སའི་ཁུལ་གྱི་སྙན་རྩོམ་པ་ཡོངས་གྲགས་ཅན་ཆབ་ཆ་སྦྱིན་པ་ལགས་གཙོས་པའི་སྙན་རྩོམ་པ་དུ་མས་སོ་སོའི་ཆེད་རྩོམ་སྒྲོག་སྦྱང་གནང་འདུག  གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་འདི་ལོའི་སུམ་ཅུའི་དུས་དྲན་ཉིན་བོད་དོན་ཆེད་གོམ་བགྲོད་འགོ་འཛུགས་ཀྱིས་མཐར་འབྲས་ལྗོངས་ཀྱི་རྒྱལ་ས་ སྒོང་ཏོག་དུ་འབྱོར་སྐབས་བོད་དང་རྒྱ་གར་གྱི་ས་མཚམས་ནས་གར་སོང་ཆ་མེད་གྱུར་པ་རེད།  བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་དང་རྩོམ་པ་པོ་ འབེན་རྒྱ་བསྟན་འཛིན་རབ་རྒྱལ་ཐོུང་གིས་གོ་སྒྲིག་ཞུས་པའི་ལས་འདི་རིགས་ཐེངས་བཞི་པ་དེ་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org