ཚོགས་གཙོ་ཐེ་ཝན་དུ་ཕེབས་འདུག

རྒྱ་ནག་མང་གཙོ་ཅན་དུ་འགྱུར་རྒྱུ་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕེབས་འདུག

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག

༄༅། །ཐེ་ཝན་ནང་སྐབས་བརྒྱད་པའི་གཞོན་སྐྱེས་འགོ་ཁྲིད་ཀྱི་སྦྱོང་བརྡར་ཏེ་རྒྱ་ནག་མང་གཙོ་ཅན་དུ་འགྱུར་རྒྱུ་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་རྒྱ་གར་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་འཕགས་པ་ཚེ་རིང་ལགས་བཅས་མགྲོན་འབོད་གནང་ཡོད་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག ཚོགས་འདུ་གོ་སྒྲིག་གནང་མཁན་གྱིས་དེ་རིང་ཕྱི་ཚེས་༢༦ཉིན་རྒྱབ་གསར་འགོད་ལྷན་ཚོགས་གོ་སྒྲིག་གནང་ཡོད་པ་ལྟར།    སྐབས་དེར་སྐུ་མགྲོན་གྲས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་རྣམ་གཉིས་ལྷན་ཞུགས་གནང་སྟེ་བོད་གཞུང་གི་ལངས་ཕྱོགས་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། བོད་མིས་རང་ལུས་མེར་སྲེག་སྐོར་ངོ་སྤྲོད་གནང་བ་མ་ཟད། གསར་འགོད་པའི་བོད་དང་འབྲེལ་བའི་འདྲི་བ་སྟེ། བོད་རྒྱ་ཞི་མོལ་དང་ད་ལྟའི་གནས་སྟངས། རང་ལུས་མེར་སྲེག་སྐོར་སོགས་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org