སྐབས་བཅུ་བཞི་པའི་བཀའ་བློན་དྲུག་ལ་སྤྱི་མོས་རྒྱབ་སྐྱོར།

སྐབས་བཅུ་བཞི་པའི་བཀའ་བློན་འོས་དམིགས་དྲུག་ལ་གྲོས་ཚོགས་ཀྱིས་སྤྱི་མོས་རྒྱབ་སྐྱོར་ཐོབ་གནང་ཡོད་པ་རེད་

༄༅༎དེ་རིང་ཕྱི་ཚེས་༡༦ཉིན་སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཅའ་ཁྲིམས་དོན་ཚན་༢༢པའི་དགོངས་དོན་གཞིར་བཟུང་བཀའ་ཤག་ལྷན་ཚོགས་སུ་བསྐོ་བཞག་ཞུ་རྒྱུའི་བཀའ་བློན་འོས་དམིགས་རྣམས་ནི་འབྲོང་ཆུང་དངོས་གྲུབ་ལགས་དང་ ཚེ་རིང་དོན་གྲུབ་ལགས་ པདྨ་ཆོས་འབྱོར་ལགས་  རྒྱ་རི་སྒྲོལ་མ་ལགས་  བདེ་སྐྱིད་ཆོས་དབྱངས་ལགས་ ཚེ་རིང་དབང་ཕྱུག་ལགས་བཅས་ཀྱི་མཚན་དང་ ལོ་རྒྱུས་སྙིང་བསྡུས་རེ་སྤྱི་འཐུས་ལྷན་ཚོགས་སུ་སྒྲོགས་སྦྱང་གནང་རྗེས་གྲོས་ཚོགས་འཐུས་མི་ཡོངས་ཀྱིས་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་་ཡོད་པ་རེད་བཞག་  འབྲོང་ཆུང་དངོས་གྲུབ་ལགས་ཕྱི་ལོ་༡༩༧༧ལོ་ནས་གཞུང་ཞབས་ཞུས་གནང་ཏེ་ཕྱི་ལོ་༡༩༩༣ལོ་ནས་བདེ་སྲུང་དྲུང་ཆེའི་ཕྱག་ལས་གནང་མུས་ཐོག་༢༠༠༧ལོར་སྐབས་བཅུ་གསུམ་པའི་བཀའ་ཤག་ཏུ་འོས་ཐོན་གྱིས་བདེ་སྲུང་བཀའ་བློན་གྱི་ཐུགས་འགན་བཞེས་གནང་ཡོད་པ་རེད་
ཚེ་རིང་དོན་གྲུབ་ལགས་ཕྱི་ལོ་༡༩༨༤ནས་གཞུང་ཞབས་ཞུས་གནང་ཏེ་ཕྱི་ལོ་༢༠༠༠ལོ་ནས་དྲུང་ཆེའི་གནས་རིམ་ཐོག་ཤེས་རིག་དང་ ནང་སྲིད་དྲུང་ཆེ་གནང་  ཕྱི་ལོ་༢༠༠༧ལོར་སྐབས་བཅུ་གསུམ་པའི་བཀའ་ཤག་ཏུ་འོས་ཐོན་གྱིས་དཔལ་འབྱོར་བཀའ་བློན་གྱི་མཛད་འགན་བཞེས་གནང་ཡོད་པ་རེད་པདྨ་་ཆོས་འབྱོར་ལགས་སྐབས་བཅུ་གཅིག་པ་དང་ བཅིུས་པའི་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད་པ་དང་ དེ་བཞིན་སྐབས་བཅུ་གཅིག་པའི་བཀའ་ཤག་ཏུ་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཅས་བཞེས་གནང་འདུག་
རྒྱ་རི་སྒྲོལ་མ་ལགས་ཕྱི་ལོ་༡༩༩༡་ལོ་ནས་བཟུང་བསྟུད་མར་སྐབས་བཅུ་བཞི་པའིབོད་མི་མང་སྤྱི་འཐུས་སུ་འོས་ཐོན་གྱིས་ཐེངས་༣རིང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་གྱི་ཐུགས་འགན་བཞེས་ཡོད་ 
དེ་ནས་བདེ་སྐྱིད་ཆོས་དབྱངས་ལགས་ཕྱི་ལོ་༡༩༧༡་ལོར་རྒྱ་གར་ནས་ཁེ་ན་ཌར་གཞིས་སྤོས་གནང་ དེ་རྗེས་རིམ་བཞིན་ཁེ་ན་ཌའི་ནང་སློབ་སྦྱོང་རིམ་པ་གནང་སྟེ་ཕྱི་ལོ་༡༩༩༩ནས་༢༠༠༣་བར་ཨ་རི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་འཆར་འོག་བོད་ནང་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་གཞིའི་འགན་འཁུར་བཞེས་གནང་བ་དང་ དེ་བཞིན་ཁེ་ན་ཌ་གཞུང་དང་མི་མང་དབར་འབྲེལ་མཐུད་ཀྱི་ལས་དོན་ཁག་རིམ་པ་གནང་བཞིན་ཡོད་པ་མ་ཟད་  སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ནང་བྱང་ཨ་རིའི་སྤྱི་འཐུས་ཀྱི་ཐུགས་མཁན་བཞེས་བཞིན་ཡོད་པ་བཅས་ཡིན་པ་རེད་
ཡང་ཚེ་རིང་དབང་ཕྱུག་ལགས་ནི་  ཤེས་རིག་ལས་ཁུངས་ཀྱི་སྨན་སློབ་ཁོངས་སུ་སློབ་ཐོན་བྱུང་རྗེས་རིམ་བཞིན་དམིགས་བསལ་སྨན་པའི་མཐོ་སློབ་དུ་ཟབ་སྦྱོང་དང་ ཉམས་མྱོང་རིམ་པ་བསགས་གནང་སྟེ་རིམ་བཞིན་མུ་མཐུད་ད་བར་སྨན་པའི་ཐུགས་འགན་བཞེས་གནང་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org