རྒྱ་གཞུང་གིས་བསྐོ་འདེམས་བྱས་པའི་པན་ཆེན་གྱི་གསུང་བཤད།

རྒྱ་ནག་གཞུང་ནས་བསྐོ་འདེམས་བྱས་པའི་པན་ཆེན་རིན་པོ་ཆེ་མཆོག་གིས་ཧོང་ཀོང་ཁུལ་ནང་པའི་ལྷན་ཚོགས་ཐོག་གསུངས་བཤད་གནང་བ།

༄༅༎རྒྱ་ནག་གཞུང་ནས་བསྐོ་འདེམས་བྱས་པའི་པན་ཆེན་རིན་པོ་ཆེ་མཆོག་གིས་ཧོང་ཀོང་ཁུལ་ནང་པའི་ལྷན་ཚོགས་ཐོག་གསུངས་བཤད་གནང་ཡོད་འདུག
ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་ནས་བསྐོ་འདེམས་བྱས་པའི་པན་ཆེན་རིན་པོ་ཆེ་རྒྱལ་མཚན་ནོར་བུ་མཆོག་ནས་དེ་རིང་ཧོང་ཀོང་དུ་བསྐོངས་ཚོགས་བྱས་པའི་འཛམ་གླིང་ནང་པའི་ལྷན་ཚོགས་སུ་གསུངས་བཤད་གནང་བའི་ནང་། ནང་ཆོས་ནི་ལོ་ངོ་སྟོང་ཕྲག་གཅིག་ལྷག་ཙམ་ཕྱིན་པ་ཞིག་ཡིན་པ་དང་། ད་ཆ་འཛམ་གླིང་ནང་ཆོས་ལུགས་གལ་ཆེ་ཞིག་ཆགས་ཡོད་ལུགས་དང་། ནང་ཆོས་དང་། ཚན་རིག་གཉིས་ཀྱི་ལྟ་གྲུབ་གཅིག་འདྲ་པོ་ཡོད་པའི་སྐོར་སོགས་གསུངས་ཡོད་འདུག རྒྱ་ནག་གཞུང་གི་ཤིན་ཧ་གསར་འགྱུར་ལས་ཁང་ནས། པན་ཆེན་རིན་པོ་ཆེ་རྒྱལ་མཚན་ནོར་བུ་མཆོག་རྒྱལ་ནང་གི་ལྷན་ཚོགས་ནང་ཕེབས་མྱོང་ཡོད་ཀྱང་མེས་རྒྱལ་གྱི་ཕྱི་ལོག་ཕེབས་པ་ད་རེས་ཐོག་མ་དེ་ཡིན་པའི་སྐོར་གསལ་བཤད་བྱེད་ཡོད་འདུག
གོང་དུ་ཞུས་པའི་ལྷན་ཚོགས་དེ་བཞིན་རྒྱ་ནག་གཞུང་གི་བཀའ་འཁྲོལ་ཡོད་པའི་རྒྱ་ནག་ནང་གི་ནང་པའི་མཐུན་ཚོགས་ནས་རྒྱབ་སྐྱོར་ཡོད་པ་ཞིག་ཡིན་པས་མ་ཟད་ལྷན་ཚོགས་ཐོག་གུང་བྲན་ཚོགས་པའི་འགོ་འཁྲིད་མཐོ་གྲས་ཇ་ཆེ་ལིང་གི་གསུངས་འཕྲིན་ཞིག་ཀྱང་སྒྲོགས་སྦྱང་བྱས་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org