༸པཎ་ཆེན་གློད་བཀྲོལ་དགོས།
བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག་ ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ཆེད་ལས་འགུལ་སྤེལ་འདུག
-
2013-04-24 -
-
-
༄༅། །བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷནཚོགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ནས་དེ་རིང་ཕྱི་ཚེས་༢༤ཉིན་མི་མང་རྣམས་དྷ་སའི་མེག་ལོཌ་ཁྲོམ་དབུས་སུ་འདུ་འཛོམས་ཀྱིས། དེ་སྔོན་བོད་ཀྱི་ཆོས་དང་རིག་གཞུང་བཅས་མི་རིགས་ཀྱི་ངོ་བོ་གསོན་གནས་ཐུབ་ཐབས་ཀྱིས་དཀའ་ངལ་མང་པོར་གདོང་ལེན་གནང་མྱོང་བའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་འཕྲལ་དུ་གློད་གྲོལ་དགོས་པའི་ལས་འགུལ་སྤེལ་ཡོད་པ་རེད། ཉིན་དེའང་ལྷག་དཀར་གྱི་ཉིན་མོར་འཁེལ་བས་དམིགས་བསལ་གྱི་ལས་འགུལ་ཞིག་ཀྱང་ཆགས་ཡོད། ཚོགས་པ་ལྔའི་ཐོག་ནས་དེ་རིང་གི་དུས་སྐབས་དང་བསྟུན་གསར་འགོད་གསལ་བསྒྲགས་ཤིག་ཀྱང་འགྲེམས་སྤེལ་གནང་འདུག་པ་དང་། དེའི་ནང་གུསངས་ཡག་ལ་རྒྱ་ནག་གཞུང་ལ་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གང་དུ་བཞུགས་ ཡོད་མེད་གསལ་པོ་བཟོ་དགོས་པ་དང་། ཁོང་མྱུར་དུ་གློད་གྲོལ་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་རེད།།