པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་གཏོང་དགོས་བའི་བསྒྲགས་གཏམ།

རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་གཏོང་དགོས་བ་སྦེལ་ཇམ་གྲོས་ཚོགས་འོག་མིའི་འཐུས་མི་ཞིག་གིས་བསྒྲགས་གཏམ་སྤེལ་འདུག

སྦེལ་ཇམ་གྲོས་ཚོགས་འོག་མིའི་འཐུས་མི་སྐུ་ཞབས་(Samuel Cogolati)་ལགས། Samuel Cogolati/FB

རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་གཏོང་དགོས་བ་སྦེལ་ཇམ་གྲོས་ཚོགས་འོག་མིའི་འཐུས་མི་ཞིག་གིས་བསྒྲགས་གཏམ་སྤེལ་འདུག
སྦེལ་ཇམ་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་ཞེས་སྦེལ་ཇམ་གྲོས་ཚོགས་འོག་མིའི་འཐུས་མི་དང་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པས་བསྒྲགས་གཏམ་སྤེལ་འདུག
ཟླ་འདིའི་སྤྱི་ཚེས་༨་ཉིན་སྐུ་ཞབས་སེ་མུལ་ཁོ་གྷོ་ལ་ཊི་(Samuel Cogolati)་ལགས་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་། རང་ཉིད་སྦེལ་ཇམ་གྲོས་ཚོགས་ཀྱི་འཐུས་མི་དང་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ཡིན་པའི་ཆ་ནས། འདི་ལོ་བོད་ཀྱི་བླ་ཆེན་ཨང་གཉིས་པ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ ་ཧྲིལ་པོ་འཁོར་བའི་དྲན་གསོ་དང་བསྟུན། ངས་སྦེལ་ཇམ་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུམ་རྣམ་པ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིིན་ཞེས་གསུངས་འདུག
ད་ལྟ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི། ཕྱི་ལོ་༡༩༨༩་ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་ལྔ་ཉིན་བོད་ཀྱི་ནག་ཆུ་ས་ཁུལ་ལྷ་རི་རྫོང་དུ་སྐུ་འཁྲུངས་ཞིང་། དགུང་ལོ་དྲུག་ལ་ཕེབས་པའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་དགེ་འདུན་ཆོས་ཀྱི་ཉི་མ་ཞེས་མཚན་གསོལ་གནང་ཡོད་པ་རེད། འོན་ཀྱང་ངོས་འཛིན་གནང་ནས་ཉིན་ཤས་རྗེས་ཕྱི་ལོ་༡༩༩༥་ཕྱི་ཟླ་ལྔ་པའི་ཚེས་བཅུ་བདུན་ཉིན་རྒྱ་ནག་གཞུང་ནས་ཁོང་དང་ཡབ་ཡུམ་བཅས་པ་བཙན་ཁྲིད་བྱས་རྗེས་ད་བར་གནས་སྟངས་གསལ་ཆ་མེད་པར་ལུས་ཡོད་པ་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཟླ་འདིའི་སྤྱི་ཚེས་༢༥་ཉིན་དགུང་ལོ་༣༡་ལ་ཕེབས་ཀྱི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org